23150

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོབ་པ་ (1)
Part of speech མིང་ཚིག
Definition གང་ཞིག་གང་ལ་རེག་པའམ་རྙེད་པའི་དོན་དུ་འཇུག་པའི་འཐོབ་པའི་ད་ལྟ་བ་དང་འདས་པའི་བྱ་མིང་།

{{#arraymap:ཐོབ་པ་

|; |@@@ | | }}

ཐོབ་པ་ (2)
Part of speech མིང་ཚིག
Definition མདོ། མངོན་པ། རང་གི་ཐོབ་བྱའི་ཆོས་དེ་གང་ལ་ལྡན་པར་བྱེད་པའི་བྱེད་ཆོས་སུ་གྱུར་པའི་རང་རྐྱ་ཐུབ་པའི་རྫས་ཡོད་དུ་དམིགས་པ། ཐོབ་པའི་མཚན་ཉིད། ཐོབ་པ་ལ་དབྱེ་ན། གསར་དུ་ཐོབ་པ་དང་། ཐོབ་པའི་ཐོབ་པ་གཉིས། རྙེད་པ་ལ་ཡང་གསར་དུ་རྙེད་པ་དང་། ཉམས་པ་ལས་རྙེད་པ་གཉིས། དང་པོ་གཉིས་ཀྱི་མཚན་གཞི་ནི། སྡུག་བསྔལ་ཆོས་ཤེས་ཀྱི་ཐོབ་པ་ལྟ་བུ། ཕྱི་མ་གཉིས་ཀྱི་མཚན་གཞི་ནི། འདོད་པ་བས་བསམ་གཏན་གཟུགས་མེད་ཐོབ་པ་ལྟ་བུ། ལྡན་པ་ལ་ཡང་གསར་རྙེད་དག་གི་རྒྱུན་ལྡན་པ་དང་། སོ་སོའི་སྐྱེ་བོ་ལ་སྲིད་རྩེའི་ཉོན་མོངས་ལྟ་བུ་ཡེ་ནས་ལྡན་པ་གཉིས་སུ་ཡོད། རྒྱུད་ཀྱི་བསྡུས་མ་བསྡུས་ཀྱི་ཁྱད་པར་ནི། ཐོབ་དང་མ་ཐོབ་རང་རྒྱུད་དུ། །གཏོགས་པ་རྣམས་ཀྱིའོ་འགོག་གཉིས་ཀྱི། །ཞེས་གསུངས། ཐོབ་པ་དང་མ་ཐོབ་པ་གཉིས་ནི། ཐོབ་བྱའི་ཆོས་རྒྱུད་ཀྱིས་བསྡུས་པའི་གང་ཟག་དེའི་རྒྱུད་ཀྱིས་བསྡུས་ཀྱི་དེ་ལས་རྒྱུད་གཞན་པའི་གང་ཟག་གི་རྒྱུད་ཀྱིས་བསྡུས་པ་མི་སྲིད་ཅིང་རྒྱུད་དུ་མ་གཏོགས་པའི་ཆོས་རྣམས་ལ་ཐོབ་པ་མེད་པའི་ཕྱིར། དེ་ནི་སྤྱིར་བཏང་ཡིན་ལ། དམིགས་ཀྱི་བསལ་ན། འགོག་པ་གཉིས་རྒྱུད་ཀྱིས་མ་བསྡུས་ཀྱང་ཐོབ་པ་གཉིས་རྒྱུད་ཀྱིས་བསྡུས་པ་ཡིན་ནོ། །དུས་གསུམ་གྱི་ཁྱད་པར་དང་། དགེ་སོགས་གསུམ་གྱི་ཁྱད་པར། ཁམས་གསུམ་གྱི་ཁྱད་པར། སློབ་མི་སློབ་ཀྱི་ཁྱད་པར་སོགས་ཞིབ་པར་མངོན་པའི་གཞུང་འགྲེལ་རྣམས་ལས་ཤེས་དགོས།
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:ཐོབ་པ་

|; |@@@ | | }}

ཐོབ་པ་ (3)
Part of speech མིང་ཚིག
Definition ཐོབ་བྱའི་ཆོས་གང་ཟག་དེ་ལ་ལྡན་པར་བྱེད་པའི་མི་ལྡན་པའི་འདུ་བྱེད་རྫས་སུ་གྲུབ་པ། དབྱེ་ན་ལྔ་སྟེ། ཟག་མེད་སྐད་ཅིག་དང་པོའི་ཐོབ་པ་ལྟ་བུ་གཏན་མ་རྙེད་པ་ལས་གསར་དུ་རྙེད་པ་དང། བསམ་གཏན་གྱི་སྡོམ་པའི་ཐོབ་པ་ལྟ་བུ་སྔོན་ཐོབ་པ་ཉམས་ནས་སླར་ཐོབ་པ་སྐད་ཅིག་དང་པོ་ནི་རྣམ་པར་ཉམས་པ་ལས་གསར་དུ་རྙེད་པ་སྟེ་གཉིས་དང། དེ་གཉིས་ཀྱི་སྐད་ཅིག་གཉིས་པ་ཕན་ཆད་རྒྱུན་ལྡན་པ་གཉིས་དང་། སོ་སྐྱེ་ལ་སྲིད་རྩེའི་ཉོན་མོངས་ལྟ་བུ་ཡེ་ནས་ལྡན་པ་རྣམས་སོ། །ཐོབ་པ་དང་མ་ཐོབ་པ་འདི་དག་ཆོས་གང་གི་ཡིན་ཞེ་ན། རང་རྒྱུད་དུ་གཏོགས་པའི་ཆོས་རྣམས་ཀྱི་ཡིན་ནོ། །དམིགས་ཀྱིས་བསལ་བ་ནི་འགོག་པ་གཉིས་རྒྱུད་དང་མ་འབྲེལ་ཡང་དགག་བྱ་རྒྱུད་དང་འབྲེལ་བས་དེ་བཀག་པའི་ཐོབ་པ་དང། མ་ཐོབ་པ་ཡོད་དེ། སོ་སོར་བརྟགས་མིན་གྱི་འགོག་པ་ནི་ཆོས་ཅི་རིགས་པའི་རྐྱེན་མ་ཚང་ཡིན་པས་སེམས་ཅན་ཐམས་ཅད་ལ་ལྡན་པའི་ཕྱིར། བརྟགས་འགོག་ནི་འཆིང་བ་མཐའ་དག་དང་ལྡན་པ་ཟག་མེད་སྐད་ཅིག་དང་པོ་ལ་གནས་པ་མ་གཏོགས་པ་འཕགས་པ་ཐམས་ཅད་དང་། སོ་སོའི་སྐྱེ་བོ་ས་དང་ས་ལ་འདོད་ཆགས་དང་བྲལ་ཁ་ཅིག་ཀྱང་ལྡན་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་ངོ་མཚར་སུམ་ལྡན་ལས་སོ། །

{{#arraymap:ཐོབ་པ་

|; |@@@ | | }}

ཐོབ་པ་ (4)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག མཐོང་ལམ་ལ་གནས་པའི་བྱང་སེམས་ཏེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། དེས་རང་དོན་དུ་རང་རིག་པའི་མངོན་སུམ་དུ་མཐོང་བའམ་ཐོབ་པའི་ཕྱིར་ཐོབ་པ། ཞེས་གསུངས། མདོ་དགོངས་པ་འདུས་པར་འཁོར་ལྔ་ཕྲག་བཅུ་གསུམ་གྱི་ནང་གསེས་དོན་གྱི་སྒོ་ནས་བཏགས་པའི་མཚན་ལྔའི་ཡ་གྱལ་དུ་བརྩིས་འདུག ཐོབ་པ་ནི། གང་ཟག་ལ་ཐོབ་བྱའི་ཆོས་ལྡན་པར་བྱེད་པའི་རྫས་གཞན་གླང་ལ་ཁལ་ལྡན་བྱེད་ཐག་པའམ་འབྱར་བྱེད་སྤྱིན་ལྟ་བུའོ། །ནས། ཐོབ་པའི་ཁྱད་པར་ནི། ཐོབ་བྱའི་ཆོས་དུས་གསུམ་པའི་ཐོབ་པ་ཡང་དུས་ཀྱི་དབྱེ་བས་རྣམ་པ་གསུམ་སྟེ། ཐོབ་བྱའི་ཆོས་འདས་པ་རྣམས་ཀྱི་ཐོབ་པ་འདས་པ་དང་ད་ལྟར་བ་དང་མ་འོངས་པ་དང་རྣམ་པ་གསུམ་མོ། །ཐོབ་བྱའི་ཆོས་ད་ལྟ་བའི་ཡང་དེ་བཞིན་དུ་གསུམ་དང། ཐོབ་བྱའི་ཆོས་མ་འོངས་པའི་ཡང་དེ་བཞིན་དུ་གསུམ་མོ། །དེ་ལ་མཐོང་ལམ་སྐྱེ་བའི་ཚེ་ངེས་འབྱེད་ཆ་མཐུན་ནི་འདས་པ་ཡིན་ལ། དེའི་ཐོབ་པ་ཞག་སྔ་མར་འདས་པ་ནི། ཐོབ་པ་འདས་པ་དང། ད་ལྟར་བའི་གནས་སྐབས་སུ་ཡོད་པ་ནི་ད་ལྟར་བ་དང། ཞག་ཕྱི་མར་འབྱུང་བ་ནི་མ་འོངས་པའོ། །ཟག་མེད་ཀྱི་སྡོམ་པ་ད་ལྟར་བའི་ཐོབ་པ་ཞག་སྔ་མར་འདས་པ་ནི་འདས་པ་དང། རང་དང་དུས་མཉམ་པ་ནི་ད་ལྟ་བ་དང། ཞག་ཕྱི་མར་འབྱུང་བ་ནི་མ་འོངས་པའོ། །བསམ་གཏན་གྱི་སྡོམ་པ་ལ་ཐོབ་པ་སྔར་སྐྱེ་ཡོད་པས་བསམ་གཏན་གྱི་སྡོམ་པ་མ་འོངས་པའི་ཐོབ་པ་ཞག་སྔ་མར་འདས་པ་ནི་འདས་པ་དང། དེ་རིང་ཡོད་པ་ནི་ད་ལྟ་བ་དང། ཞག་ཕྱི་མར་འབྱུང་བ་ནི་མ་འོངས་པའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། ། དགེ་སོགས་གསུམ་གྱི་འཕེལ་འགྲིབ་ཀྱི་གནས་སྐབས་ལ་བཏགས་པའི་འདུ་བྱེད། དབྱེ་ན་སྤྱིར་ཐོབ་པ་དང། སྔར་མེད་གསར་དུ་རྙེད་པ་དང། རྒྱུན་ལྡན་པ་སྟེ་རྣམ་གྲངས་ཀྱི་སྒོ་ནས་གསུམ་མོ། །འགྲིབ་པའི་གནས་སྐབས་ཐོབ་པར་ཇི་ལྟར་འགྱུར་སྙམ་ན། འཕེལ་བའི་ཚེ་ཆེན་པོ་ལྡན་ཅིང་འགྲིབ་པའི་ཚེ་ཆུང་ངུ་ལྡན་པས་སྐྱོན་མེད་ཅེས་འགྲེལ་པར་བཤད་དོ། །མཛོད་ཀྱི་ལུགས་ལ། རང་རྒྱུད་དུ་གཏོགས་པའམ་རྒྱུད་ཀྱིས་མ་བསྡུས་པའི་འགོག་པ་གཉིས་གང་རུང་གང་ཟག་དེ་ལ་ལྡན་པར་བྱེད་པའི་རྫས་ཏེ་དཔེར་ན་བ་གླང་ལ་ཁལ་ལྡན་པར་བྱེད་པའི་ཐག་པ་ལྟ་བུའོ། །དབྱེ་ན་མ་ཐོབ་པ་དང་རྣམ་པར་ཉམས་པ་ལས་གསར་དུ་རྙེད་པ་དང། ཐོབ་ཟིན་རྒྱུན་ལྡན་པའི་ཐོབ་པ་གཉིས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། །

{{#arraymap:ཐོབ་པ་

|; |@@@ | | }}

ཐོབ་པ་ (5)
Part of speech མིང་ཚིག
Definition ཉེར་ཐོབ་དང་དོན་གཅིག

{{#arraymap:ཐོབ་པ་

|; |@@@ | | }}