23152

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོབ་པ་བཞི་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བྱེ་བྲག་སྨྲ་བ། ཐོབ་པ་ནི་རྣམ་པ་བཞི་སྟེ། རྙེད་པ་དང་། བསྟེན་པ་དང་། གཉེན་པོ་དང་། ཐག་སྲིང་བ་འཐོབ་པའོ། །དེ་ལ་རྙེད་པ་འཐོབ་པ་ཞེས་བྱ་བ་ནི་དགེ་བ་འདུས་བྱས་རྣམས་ཀྱིས་གསར་དུ་རྙེད་པའོ། །བསྟེན་པ་འཐོབ་པ་ཞེས་བྱ་བ་ནི་དགེ་བ་འདུས་བྱས་རྣམས་ཀྱིས་ཡང་དང་ཡང་དུ་མངོན་དུ་བྱས་པའི་ཐོབ་པའོ། །དེ་ཡང་ད་ལྟར་བའི་ཆོས་ལ་ནི་རྙེད་པ་དང་བསྟེན་པ་གཉིས་ཡོད་ལ་མ་འོངས་པ་ལ་རྙེད་པ་འབའ་ཞིག་དང་འདས་པ་ལ་གཉིས་ཀ་མེད་དོ། །གཉེན་པོ་འཐོབ་པ་དང་ཐག་སྲིང་བ་འཐོབ་པ་ནི་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱིས་གཉེན་པོ་འཐོབ་པ་དང་དེ་དག་སྤངས་པ་ཐག་སྲིང་བ་ཡིན་ཏེ། རིམ་པ་ལྟར་ལུས་སེམས་ལ་འདོད་ཆགས་དང་བྲལ་བར་བྱེད་པ་དང་། ཉོན་མོངས་པའི་ཐོབ་པ་གཅོད་པའོ། །དེ་ལྟར་ན་དགེ་བ་ཟག་བཅས་རྣམས་ཀྱིས་ནི་ཐོབ་པ་བཞི་ཆར་ཡིན་ནོ། །དེ་ཡང་དང་པོ་གཉིས་ནི་དགེ་བ་ཟག་བཅས་རང་གིས་འཐོབ་པ་ཡིན་ལ་ཕྱི་མ་གཉིས་ནི་དེ་དག་གི་གཉེན་པོ་དང་རྣམ་གྲོལ་ཐོབ་པ་ལ་དེ་དག་གི་ཐོབ་པ་ཞེས་བཏགས་ནས་བརྗོད་པ་ཡིན་ནོ། །ཟག་མེད་ཀྱི་ནི་འཐོབ་པ་དང་པོ་གཉིས་ཡིན་གྱི་ཕྱི་མ་གཉིས་ནི་མ་ཡིན་ཏེ། ཟག་མེད་ལ་གཉེན་པོ་མེད་པའི་ཕྱིར་དང་། དེ་ཉིད་ཀྱིས་ཐག་སྲིང་བའང་མེད་པའི་ཕྱིར་རོ། །ཉོན་མོངས་ཅན་བསྒྲིབས་ལ་ལུང་མ་བསྟན་རྣམས་ཀྱིས་ནི་གཉེན་པོ་འཐོབ་པ་དང་སྤངས་པ་ཐག་སྲིང་བའི་ཐོབ་པ་གཉིས་ཡིན་ཏེ། ཤེས་པ་ཁ་ཅིག་ནི་དེ་དག་གི་གཉེན་པོ་ཡིན་པའི་ཕྱིར་དང་། ཁ་ཅིག་ནི་དེ་དག་ཐག་སྲིང་བ་ཡིན་པའི་ཕྱིར་དང་། འདིར་གང་ཅུང་ཟད་བཤད་པའི་ཐོབ་པའི་དབྱེ་བ་ནི་ཤེས་པའི་ཐོབ་པ་ལ་བརྩམས་ནས་བཤད་པའི་ཕྱིར་དང་། སྤྱིར་ཐོབ་པའི་དབྱེ་བ་ཡང་སྔར་བཤད་ཟིན་པའི་ཕྱིར་རོ། །ཉི་འོག་པ་རྣམས་ནི་སྡོམ་པ་འཐོབ་པ་དང་། རྣམ་པར་འཇིག་པ་འཐོ་བ་པ་གཉིས་བསྣན་ནས་དྲུག་འདོད་དེ། དང་པོ་ནི་མདོ་ལས། དབང་པོ་དྲུག་པོ་འདི་དག་ཤིན་ཏུ་དུལ་བ་དང་ཤིན་ཏུ་བསྒོམས་པ་ཞེས་གསུངས་པ་མིག་སོགས་དབང་པོ་དྲུག་གི་སྒོ་སྡོམ་པ་དྲན་ཤེས་བཞིན་གྱི་བདག་ཉིད་ཡིན་ལ། གཉིས་པ་ནི་ལུས་ལ་དམིགས་པའི་ཉོན་མོངས་པ་ཐག་སྲིང་བ་སྟེ་ཕྱི་ནང་གི་ལུས་དྲན་པ་ཉེར་གཞག་འཐོབ་པ་ཡིན་ནོ། །ཁ་ཆེ་བ་རྣམས་ནི་དེ་དག་ཀྱང་རིམ་པ་ལྟར་ཕྱི་མ་གཉིས་ཀྱི་ནང་དུ་འདུས་སོ་ཞེས་ཟེར་རོ། །ཡང་ན་གཉིས་ཀའང་གཉིས་ཀའི་ཁོངས་སུ་འདུས་སོ་ཞེས་བྱས་ཀྱང་འགལ་བ་མེད་དོ་ཞེས་རྒྱལ་པོའི་སྲས་འཆད་དོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:ཐོབ་པ་བཞི་

|; |@@@ | | }}

ཐོབ་པ་བཞི་ (2)
Part of speech མིང་ཚིག
Definition ཐོབ་པ་ལ་སྒྲས་བརྗོད་རིས་ཀྱི་སྒོ་ནས་ཕྱེ་ན་བཞི་སྟེ། རྙེད་པ་ཐོབ་པ་དང༌། བསྟེན་པ་ཐོབ་པ་དང༌། གཉེན་པོ་ཐོབ་པ་དང༌། ཐག་བསྲིང་བ་ཐོབ་པ་དང་བཞི་ཡོད་དེ། མཛོད་རྩ་བ་ལས། རྙེད་དང་བསྟེན་བཅས་བྱ་བ་ནི། །དགེ་བ་འདུས་བྱས་ཐོབ་པའོ། །ཞེས་དང་། རྒྱལ་དབང་མཛོད་ལས། དེ་ཡང་ད་ལྟར་བའི་ཆོས་ལ་ནི་རྙེད་པ་དང་བསྟེན་པ་ཐོབ་པ་གཉིས་ཀ་ཡོད་ལ། མ་འོངས་པ་ལ་ནི་རྙེད་ཐོབ་ཁོ་ན་དང༌། འདས་པ་ལ་ནི་དེ་གཉིས་ཀ་མེད་དོ། །ཞེས་དང་། ཕྱི་མ་འདི་གཉིས་ནི་དེ་དག་གི་གཉེན་པོ་དང་སྤངས་པ་ཐོབ་པ་ལ་ཆོས་དེ་དང་དེའི་ཐོབ་པ་ཞེས་བཏགས་པ་ཙམ་ལས་དེ་དག་གི་ཐོབ་པ་དངོས་ནི་མ་ཡིན་ནོ། །དེ་ལྟར་ན་དགེ་བ་ཟག་བཅས་ད་ལྟར་བ་ཕལ་ཆེ་བ་ལ་ནི་ཐོབ་པ་བཞི་ཆར་ཡོད་ལ། ཟག་མེད་ལ་ནི་དང་པོ་གཉིས་མ་གཏོགས་ཕྱི་མ་གཉིས་མེད་དེ། ཟག་མེད་ལ་གཉེན་པོ་དང་ཐག་བསྲིང་བ་མེད་པའི་ཕྱིར་རོ། །ཉོན་མོངས་ཅན་ལ་ནི་གཉེན་པོ་དང་ཐག་བསྲིང་བ་གཉིས་ཆར་ཡོད་པ་མ་ཟད། འགའ་ཞིག་ལ་ནི་རྙེད་པ་དང་བསྟེན་པ་གཉིས་ཀྱང་ཡོད་མོད་ཀྱང༌། ཕལ་ཆེ་བའི་དབང་དུ་བྱས་ཏེ་ཐོབ་པ་ཕྱི་མ་གཉིས་ཡོད་པ་དངོས་སུ་བསྟན་ནས་དང་པོ་གཉིས་ཡོད་པ་ཤུགས་ལ་བསྟན་ཏོ། །ཞེས་གསུངས།

{{#arraymap:ཐོབ་པ་བཞི་

|; |@@@ | | }}