23363

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ད་ལྟ་བ་ (1)
Part of speech རྒྱན་ཚིག
Definition འབྱུང་བཞིན་པའམ་གནས་ཡོད་པ་ཞིག་ལ་ད་ལྟ་བ་ཟེར།
Example བྱ་ཚིག་ད་ལྟ་བ་ལྟ་བུ།
Synonyms ད་ལྟར། ད་ལྟ། ད། སྐབས་ཐོག གནས་སྐབས། བར་སྐབས། མིག་སྔར། དེང་། དེང་། དེང་དུས།

{{#arraymap:ད་ལྟ་བ་

|; |@@@ | | }}

ད་ལྟ་བ་ (1)
Part of speech མིང་ཚིག
Definition དུས་གསུམ་གྱི་ཡ་གྱལ་ཞིག་སྟེ། མཚན་ཉིད། མཁས་གྲུབ་བསྟན་དར་བའི་དབུ་མའི་དབུ་མའི་སྤྱི་དོན་ལས། སྐྱེས་ལ་མ་འགགས་པ་གང་ཞིག ། རང་ཉིད་ཀྱི་སྤྱི་འཆར་བ་ལ་རང་གི་འདས་མ་འོངས་གང་རུང་གི་སྤྱི་འཆར་བ་ལ་ལྟོས་མི་དགོས་པའི་ཆོས། ད་ལྟ་བའི་མཚན་ཉིད། ཅེས་དང་། ལུགས་འདིའི་དུས་གསུམ་གྱི་མཚན་གཞིའི་ཁྱད་པར་ཡོད་དེ། མྱུ་གུ་ལྟ་བུ་ལ་མཚོན་ན། མྱུ་གུའི་ངོ་བོར་སྐྱེས་པའི་དངོས་པོ། དེའི་ད་ལྟ་བ་དང༌། ཞེས་གསུངས།

{{#arraymap:ད་ལྟ་བ་

|; |@@@ | | }}

ད་ལྟ་བ་ (2)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། འདས་མ་འོངས་ད་ལྟ་བའི་དུས་གསུམ་གང་རུང་ཡང་ཡིན། མ་འགགས་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། ད་ལྟར་པའི་མཚན་ཉིད། བུམ་པ་དེའི་མཚན་གཞི་ཡིན། གཞི་ལ་བཀར་ན་དེས་མཚོན། དེས་ན་འདས་མ་འོངས་ད་ལྟར་བ་འདུས་བྱས་ཐམས་ཅད་ལ་བརྩིར་རུང་ཡིན་ཏེ། དངོས་པོ་ཡིན་ན། རང་ཉིད་ཀྱི་འདས་པ་རང་ཉིད་ཀྱི་ཕྱི་ལོགས་སུ་གྲུབ་པས་ཁྱབ། དེ་ཡིན་ན། རང་ཉིད་ཀྱི་མ་འོངས་པ་རང་ཉིད་ཀྱི་སྔ་ལོགས་སུ་གྲུབ་པས་ཁྱབ། དེ་ཡིན་ན། རང་ཉིད་རང་དུས་སུ་ད་ལྟར་བ་ཡིན་པས་ཁྱབ་བོ། །

{{#arraymap:ད་ལྟ་བ་

|; |@@@ | | }}

ད་ལྟ་བ་ (3)
Part of speech མིང་ཚིག
Definition རྟགས་འཇུག་གི་སྐབས་སུ་བྱ་བྱེད་ཐ་དད་མི་དད་གང་རུང་གི་བྱ་བ་བྱེད་བཞིན་པའི་དོན་ཞིག་ལ་གོ་དགོས་པ་དང༌། བྱ་བྱེད་ཐ་དད་པའི་བྱེད་པོ་གཙོ་ཕལ་དང༌། དེའི་བྱེད་ལས་དང་བཅས་པའང་དུས་ད་ལྟ་བའི་ཁོངས་སུ་བསྡུ་དགོས།
Domain སྒྲ་རིག་པ།

{{#arraymap:ད་ལྟ་བ་

|; |@@@ | | }}