23378

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ཐོབ་པའི་ཆོས་བཞི་ (1)
Part of speech མིང་ཚིག
Definition མི་འཕྲོག་པའི་དད་པ། ཕྱིར་མི་ལྡོག་པའི་བརྩོན་འགྲུས། གཞན་གྱི་དྲིང་ལ་མི་འཇོག་པའི་ཤེས་རབ། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པའོ། །
Domain ཆོས་ལུགས།

{{#arraymap:ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ཐོབ་པའི་ཆོས་བཞི་

|; |@@@ | | }}

ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ཐོབ་པའི་ཆོས་བཞི་ (2)
Part of speech མིང་ཚིག
Definition ཟླ་བ་གསུམ་གྱི་བར་དུ་སེ་གོལ་བརྡབས་པ་ཙམ་ཡང་བདག་གི་འདུ་ཤེས་མི་སྐྱེད་པ། ཟླ་བ་གསུམ་གྱི་བར་དུ་སེ་གོལ་བརྡབས་པ་ཙམ་ཡང་རྨུགས་པ་དང་གཉིད་ཀྱིས་མི་ནོན་པ། བཤང་བ་དང་། གཅི་བ་བྱེད་པ་མ་གཏོགས་པར་ཟླ་བ་གསུམ་གྱི་བར་དུ་བརྩོན་འགྲུས་བརྩམས་ཏེ་འཆག་པ་ལ་ཞུགས་ནས་ས་ལ་མི་འདུག་པ། གཞན་དག་ལའང་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་གཏོང་བའི་སྟེང་དུ་རྙེད་པ་དང། བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་མི་རེ་བའོ། །

{{#arraymap:ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ཐོབ་པའི་ཆོས་བཞི་

|; |@@@ | | }}

ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ཐོབ་པའི་ཆོས་བཞི་ (3)
Part of speech མིང་ཚིག
Definition སངས་རྒྱས་བལྟ་བར་སེམས་ཅན་རྣམས་ལ་སྐུལ་བ། ཆོས་མཉན་པར་སེམས་ཅན་རྣམས་ལ་སྐུལ་བ། བྱང་ཆུབ་ཀྱི་སེམས་སྐྱེད་པར་སེམས་ཅན་རྣམས་ལ་སྐུལ་བ། ཕྲག་དོག་མེད་པའོ། །

{{#arraymap:ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ཐོབ་པའི་ཆོས་བཞི་

|; |@@@ | | }}

ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ཐོབ་པའི་ཆོས་བཞི་ (4)
Part of speech མིང་ཚིག
Definition ཏིང་ངེ་འཛིན་འདི་འདོད་པས། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་བཅུག་སྟེ། ཐ་ན་རི་མོར་འབྲིར་འཇུག་པ། ཏིང་ངེ་འཛིན་འདི་འདོད་པས། ཏིང་ངེ་འཛིན་འདི་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཅི་ནས་ཀྱང་ཏིང་ངེ་འཛིན་འདི་འཛིན་པར་ལེགས་པར་བྲིས་ཤིང་། གླེགས་བམ་སྦྱིན་པ། མངོན་པའི་ང་རྒྱལ་ཅན་གྱི་གང་ཟག་རྣམས་མངོན་པའི་ང་རྒྱལ་མེད་པའི་ཆོས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇོག་པ། དེ་བཞིན་གཤེགས་པའི་བསྟན་པ་བསྲུང་བ་དང། སྦ་བ་དང་། ཡང་དག་པར་གཟུང་བའི་ཕྱིར་གནས་པའོ། །

{{#arraymap:ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ཐོབ་པའི་ཆོས་བཞི་

|; |@@@ | | }}

ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ཐོབ་པའི་ཆོས་བཞི་ (5)
Part of speech མིང་ཚིག
Definition གཞན་མུ་སྟེགས་ཅན་གྱི་གསང་ཚིག་ལ་མི་རྟེན་པ། འདོད་པའི་ཡོན་ཏན་ལ་མི་ཆགས་པ། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་རྣམས་ཀྱིས་མ་ཕམ་པ། སྲིད་པའི་འགྲོ་བའི་གནས་རྣམས་ལ་སྨོད་པའོ། །

{{#arraymap:ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ཐོབ་པའི་ཆོས་བཞི་

|; |@@@ | | }}