23446

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀའ་བཞི་གྲགས་པ་གཞོན་ནུ་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་མེ་སྦྲུལ་ཕྱི་ལོ་ ༡༢༥༧ ལོར་དབུ་རུ་སྟོད་དུ་ཡབ་གྱད་གསར་དགོས་པའི་སྲས་སུ་འཁྲུངས། གཞོན་དུས་ནས་མཁན་པོ་གྲགས་པ་འབུམ་ལས་རབ་ཏུ་བྱུང་། མཚན་ལ་གྲགས་པ་གཞོན་ནུ་ཞེས་གསོལ། མཁན་ཆེན་བདེ་བ་དཔལ་ལས་མདོ་སྔགས་ཀྱི་ཆོས་སྐོར་མང་དུ་ཞུས། ཉི་ཤུ་པར་མཁན་ཆེན་བདེ་བ་དཔལ་དང་། སློབ་དཔོན་ཐུགས་རྗེ་དཔལ་བཟང་། སློབ་དཔོན་ཆོས་ལྡན་དཔལ་བཟང་གསུམ་ལས་བསྙེན་རྫོགས་བསྒྲུབས། བྱང་ཆུབ་ལམ་རིམ་དང་། མངོན་རྟོགས་རྒྱན། སྤྱོད་འཇུག ཐེག་ཆེན་བློ་སྦྱོང་། དམིགས་པ་སྐོར་གསུམ། དོན་ཡོད་ཞགས་པའི་ཆོས་སྐོར་བཅས་གསན། དཀའ་བཞི་གཞོན་མཛེས་ལས་མངོན་པ་ཀུན་བཏུས་དང་། ཚད་མ་རྣམ་ངེས། མཁས་པ་ཡོན་ཏན་འབུམ་ལས་འདུལ་བ་མདོ་རྩ་དང་། མངོན་པ་མཛོད། གཡག་སྡེ་བསོད་ནམས་སེང་གེ་ལས་བདེ་མཆོག་དང་། གཤེད་དམར། རོང་པ་ཤེས་རབ་སེང་གེ་ལས་དུས་འཁོར་དང་། གཤིན་རྗེ། སྟོན་པ་ཀུན་དགའ་རྒྱལ་པོ་ལས་སྦྱོར་དྲུག་གི་སྐོར། བླ་མ་གྲུབ་མཆོག་ལས་གསང་སྔགས་ཀྱི་སྐོར་བཅས་ཀྱི་དབང་ལུང་ཁྲིད་གསུམ་ལེགས་པར་གསན། མཁས་པའི་ཕུལ་དུ་ཕྱིན། སོ་བརྒྱད་པར་ཚོགས་ཀྱི་མཁན་པོ་མཛད། འཆད་ཉན་བསྐྱངས། ང་དགུ་པ་རབ་བྱུང་ལྔ་པའི་ཤིང་ཡོས་ཕྱི་ལོ་ ༡༣༡༥ ལོར་སྐུ་གཤེགས། ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་དོན་གཅིག་པཡིན། སློབ་མ་གྲགས་ཆེ་བ་ནི་བདག་ཉིད་ཆེན་པོ་བཟང་པོ་དཔལ་དང་། བུ་སྟོན་རིན་ཆེན་གྲུབ། བྱང་སེམས་བསོད་ནམས་གྲགས་པ་བཅས་ཡིན།

{{#arraymap:དཀའ་བཞི་གྲགས་པ་གཞོན་ནུ་

|; |@@@ | | }}