23494

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀར་གནག་གཉིས་ཀའི་ལས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། དཀར་པོ་དགེ་བའི་ལས་དང་ནག་པོ་མི་དགེ་བའི་ལས་གཉིས་འདྲེས་མ་སྟེེ། དཔེར་ན་འདོད་པའི་དགེ་བ་ལྟ་བུ་ཡིན་ཏེ། མཆིམས་མཛོད་ལས། འདོད་པར་གཏོགས་པའི་དགེ་བ་ཉིད་ནི་མི་དགེ་བ་དང་འདྲེས་པས་ལས་ཀྱང་དཀར་གནག་འདྲེན་མ་ལ་རྣམ་སྨིན་ཡང་ཡིད་དུ་འོང་མི་འོང་འདྲེན་མར་འབྱུང་བས་དཀར་གནག་གཉིས་ཀའི་ལས་ཞེས་བྱ་སྟེ། ཞེས་གསུངས། སེར་སྨད་རྒྱལ་དབང་མཛོད་ལས། འདོད་པའི་དགེ་བ་དཀར་ནག་འདྲེས་མར་བཤད་པ་ནི་ལས་ཀྱི་ངོ་བོ་གཅིག་ལ་དཀར་ནག་འདྲེས་པ་མི་སྲིད་ཀྱང་རྒྱུད་ཀྱི་སྒོ་ནས་འདྲེས་པར་འདོད་པ་སྟེ། དེའི་དོན་ཡང་འདོད་པའི་རང་ས་ན་མི་དགེ་བའི་གཉེན་པོ་ཏིང་ངེ་འཛིན་མེད་པས་འདོད་པའི་དགེ་བས་རང་རྒྱུད་ལ་མི་དགེ་བ་གཏན་མེད་དུ་བྱ་བར་མི་ནུས་ལ། མི་དགེ་བ་ནི་སྟོབས་དང་ལྡན་པས་ལོག་ལྟས་དགེ་རྩ་གཅོད་པར་ཡང་ནུས་པས་ན་སྟོབས་ཤུགས་ཆེ་ཆུང་གི་དབང་གིས་འདོད་པའི་དགེ་བའི་ལས་བསགས་པའི་སྦྱོར་དངོས་མཇུག་གསུམ་ཅི་རིགས་པའི་ཚེ་མི་དགེ་བའི་ཆ་ཞིག་ཀྱང་དུས་མཉམ་དུ་འཇུག་བར་འགྱུར་པ་ལ་བསམ་ནས་འདྲེས་མའི་ལས་སུ་འདོད་པ་ཡིན་ལ། འོན་ཀྱང་དེ་ནི་ཕལ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི་ཁྱབ་མཐའ་ནི་བཟུང་མི་རིགས་ཏེ། འདོད་ཉོན་སྤངས་པའི་འདོད་པ་བའི་རྒྱུད་ལ་འདོད་པའི་དགེ་བའི་ལས་ཡོད་པའི་ཕྱིར་དང༌། དེར་མ་ཟད། འདོད་ཉོན་མ་སྤངས་པའི་གང་ཟག་གི་རྒྱུད་ལ་ཡང་མི་དགེ་བ་དང་མ་འདྲེས་པའི་དགེ་བ་ནི་སྲིད་དམ་སྙམ་མོ། །ཞེས་དང་། བྱེ་བྲག་སྨྲ་བས་འདོད་པའི་དགེ་མི་དགེའི་ལས་ལ་སྟོབས་ཤུགས་ཆེ་ཆུང་ཡོད་པའི་དབང་གིས་འདོད་པའི་དགེ་བའི་ལས་སྤྱི་ཙམ་པ་དེ་འདྲེས་མའི་ལས་སུ་འཇོག་ཀྱང༌། མི་དགེ་བའི་ལས་སྤྱི་ཙམ་པ་དེ་འདྲེས་མའི་ལས་སུ་མི་འཇོག་པ་ལས། མི་དགེ་བའི་ལས་ཡིན་ན་དགེ་བའི་ལས་དང་མ་འདྲེས་པའི་ཁྱབ་མཐའ་བཟུང་བ་མ་ཡིན་པས་མི་དགེ་བ་ལ་ཡང་འདྲེས་མའི་ལས་འགའ་ཞིག་ནི་ཡོད་དོ། །ཞེས་སྨྲ་ན་སྐབས་ཐོབ་ཀྱི་ཁས་ལེན་འཛིན་བདེའོ། །ཞེས་གསུངས།
Domain ཆོས་ལུགས།
Synonyms དཀར་ནག་འདྲེས་མའི་ལས། དཀར་གནག་གཉིས་ཀའི་ལས།

{{#arraymap:དཀར་གནག་གཉིས་ཀའི་ལས་

|; |@@@ | | }}