23502

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀར་གོང་ (1)
Part of speech མིང་ཚིག
Definition ཆུ་རྒྱུད་གྲམ་ཐང་སོགས་ལ་བཙལ་ན་རྙེད་སླ་བའི་རྡོ་སྨན་གྱི་རིགས་ཤིག་སྟེ། དེ་ཡང་དཀར་གོང་སྲིན་ཅན་སྔོ་ལ་མཁྲེགས་ཤིང་འོད་དང་ལྡན་པ། འབུ་སྲིན་སོང་བའི་ཤུལ་ལྟ་བུའི་བུག་གསེང་ཡོད་པ། མང་ཆེ་བ་ཅོང་ཞི་དང་འཛིང་དཀར། དེ་མིན་གྱི་བྲག་རྡོ་སོགས་ཀྱི་སྲུབ་ནས་འབྱུང་བ་དང་། སྲིན་མེད་ནི་དཀར་ལ་དྭངས་པ་ལུག་ཚིལ་འདྲ་བ། གང་ཡང་སྨན་གྱི་སྐབས་སླད་མེད་ལ་དྭངས་དགོས་ཤིང་། ཅོང་ཞི་ངན་རིགས་དང་མ་ནོར་བ་གལ་ཆེ། དེ་ཡང་མི་ནོར་བའི་གཟེར་ནི། སོལ་མེར་ཚོས་པར་བསྲེགས་ལ་ཆུར་བཅུག་པས་ཅོང་ཞི་ཞོ་ལྟར་འཇུ། དཀར་གོང་མི་འཇུ་བ་ཡིན། འདི་ལ་གྲུབ་ཆ་འདྲེས་ཚད་ཀྱི་དབང་གིས་དྭངས་འཐིབ་ཀྱི་ཁྱད་པར་དང་ཁ་དོག་ཅི་རིགས་ཡོད་ཀྱང་འདིར་འཐིབ་ལ་ཁ་དོག་དཀར་པོ་སྟེ། དབྱིབས་དང་ཆེ་ཆུང་ངེས་མེད། ངོ་བོ་ལྕི་ལ་ཤིན་ཏུ་མཁྲེགས་ཤིང་། བཅག་ཁ་མི་སྙོམས་པ་འོད་ཁྲོབ་བེ་བ། བཅག་པའི་དུམ་བུ་སྲབ་པ་རྣམས་དྭངས་གསལ་དང་ཕྱེད་ཙམ་དྭངས་གསལ་ཡིན་པ། ལྕགས་ཀྱིས་བརྡབ་པས་མེ་འབྱུང་བ། ཤེལ་རིགས་གཅོད་ནུས་པ། བཏུལ་ན་ཕྱེ་མ་དཀར་པོར་འགྲོ་བ་སྟེ། རོ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་སོ་དང་མགོ་ལ་སོགས་པའི་ནད་སྲིན་གསོད་པའམ་འདོན་པ་དང་། དུག་གི་ནད་རིགས་སེལ་བ། བགེགས་གདོན་བསྐྲད་པའི་རྗེས་སུ་འགྲོ་བ། ཁྱད་པར་དུག་རིགས་ཀྱི་ནད་ཡིན་མིན་བརྟག་བྱེད་ལ་མཁོ་བ།
Domain གསོ་རིག
Synonyms རྡོ་དཀར་གོང་། མཁར་གོང་། གདུག་པ་ཚར་གཅོད། ཐུན་རྡོ། རྡོའི་ཕྱག་རྡོར། ཨ་དཀར།

{{#arraymap:དཀར་གོང་

|; |@@@ | | }}