23696

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀོན་མཆོག་བསྟན་པ་རབ་རྒྱས་ (1)
Part of speech མིང་ཚིག
Definition མཚན་གཞན་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཡང་ཟེར། རྗེ་འདི་རབ་བྱུང་བཅུ་གསུམ་པའི་ལྕགས་བྱ་ཕྱི་ལོ་ ༡༨༠༡ ལོར་མདོ་སྨད་གཙོས་བསྟན་འཛིན་སྡེ་ཁྲོད་དུ་སྐུ་འཁྲུངས། དགུང་ལོ་དགུ་བ་ནས་དགའ་ལྡན་ཆོས་འཁོར་གླིང་དང། ལྷག་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་མདོ་སྔགས་རིགས་གནས་དང་བཅས་པར་ཐུགས་གཉེར་དཔྱིས་ཕྱིན་མཛད་དེ་དབུས་སུ་ལན་གཉིས་ཕེབས། དཔལ་མང་པཎྜི་ཏ་དང་དགའ་ལྡན་ཐེ་བོ་སྤྲུལ་བའི་སྐུ་སོགས་ཀྱིས་ཡང་ཡང་བསྐུལ་མ་མཛད་པས་ཀུན་ནས་བསླངས་ཏེ། བཀའ་ཆེམས་དང་ཆོས་འབྱུང། དེབ་ཐེར་སོགས་ལོ་རྒྱུས་རིག་པའི་རྩོམ་གཞུང་རྣམ་གྲངས་ལྔ་བརྒྱ་སུམ་ཅུ་ལྷག་གསར་གཟིགས་དང། རྨ་ཆུ་དང་ཀླུ་ཆུ། བསང་ཆུ། དགུ་ཆུ། ཙོང་ཆུའི་རྒྱུད་སོགས་ཡུལ་གྲུ་དང་ས་ཁུལ་མང་པོར་ཆིབས་བསྐྱོད་ཀྱིས་དྲི་གཏུགས་དངོས་ཀྱི་ཐོག་ནས་མདོ་སྨད་ཆོས་འབྱུང་ཞེས་པའི་དེབ་གྲགས་ཆེན་དེ་མཛད་དེ། རབ་བྱུང་བཅུ་བཞི་བའི་ཤིང་གླང་ཕྱི་ལོ་ ༡༨༦༥ ལོར་ལེགས་པར་གྲུབ། རབ་བྱུང་བཅུ་བཞི་མེ་སྟག་ཕྱི་ལོ་ ༡༨༦༦ ལོར་སྐུ་གཤེགས།

{{#arraymap:དཀོན་མཆོག་བསྟན་པ་རབ་རྒྱས་

|; |@@@ | | }}