23700

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀོན་མཆོག་འགྲོ་ཕན་དབང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ལྕགས་ལུག་ཕྱི་ལོ་ ༡༦༣༡ ལོར་དབུ་རུའི་མཚམས་གཞུ་སྟོད་དུ་འཁྲུངས། གཞོན་དུས་ནས་འབྲི་གུང་དགོན་དུ་ཆོས་ཞུགས་གནང་། མདོ་སྔགས་གཉིས་ལ་སྦྱངས་པ་མཛད། མགོན་པོ་འབྲི་གུང་པ་རིག་འཛིན་ཆོས་གྲགས་བསྟེན། གསོ་རིག་གཞུང་ལ་ཐོས་བསམ་བྱས། མཁས་པའི་གྲགས་པ་རྒྱས། སོ་གཅིག་པར་གཅེས་བསྡུས་ཕན་བདེའི་སྙིང་པོའམ་འབྲི་གུང་གཅེས་བསྡུས་ཞེས་པའི་སྨན་གཞུང་བརྩམས། གསོ་རིག་གི་བསྟན་པ་གོང་འཕེལ་ཆེད། འཆད་ཉན་དང་། རྩོམ་འབྲི་སོགས་ཀྱིས་དུས་འདའ་བར་མཛད། རེ་གཅིག་པ་རབ་བྱུང་བཅུ་གཉིས་པའི་ཆུ་སྤྲེལ་ཕྱི་ལོ་ ༡༦༩༢ ལོར་རྒྱུ་རྒན་གྱི་བཅོས་ཐབས་འཕྲུལ་གྱི་ཐེམས་ཚང་ཞེས་པའི་སྨན་དཔེ་བརྩམས། སློབ་གྲགས་ཆེ་བ་ནི་དཔོན་ཚང་ཡེ་ཤེས་ཡིན། འདས་ལོ་མི་གསལ། གསུང་རྩོམ་ནི་བླ་མའི་ཞལ་རྒྱུན་གྱི་ཟིན་བྲིས་དང་། གཉན་རིམས་མཁྲིས་པ་རྩར་རྒྱུགས་ཀྱི་བཅོས་ཚུལ་མདོར་བསྡུས་ཞལ་ལུང་བདུད་རྩིའི་ཆུ་རྒྱུན། རླུང་ནད་ལྕེ་སྤྱང་མགོའི་བཅོས་ཐབས། འབམ་བཅོས་མན་ངག་ཁྱད་པར་ཅན། གཅོང་ཆེན་དམུ་ཆུ་གསོ་བའི་གདམས་ངག་བཅས་པོད་གཉིས་བཞུགས།
Synonyms འབྲི་གུང་ཚེ་དབང་བརྟན་པ།

{{#arraymap:དཀོན་མཆོག་འགྲོ་ཕན་དབང་པོ་

|; |@@@ | | }}