23702

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀོན་མཆོག་འཇིགས་མེད་རྣམ་རྒྱལ་ (1)
Part of speech མིང་ཚིག
Definition གཙང་པ་སྐུ་ཕྲེང་གསུམ་པ་དཀོན་མཆོག་འཇིགས་མེད་རྣམ་རྒྱལ་མཆོག་ནི། ཡོ་སྟག་ཏུ་ཡབ་མགོ་ལོག་སྙིང་རྒྱ་འབུམ་དང་ཡུམ་སྡོང་ཟ་ལུག་མཚོ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༧༩༠ ཟླ་བ་བཞི་པའི་ཚེས་བཅུ་བདུན་གྱི་ཉིན་སྐུ་འཁྲུངས། དགུང་གྲངས་བཞིར་སོན་ཚེ་འཛམ་ཐང་གཙང་བ་སྒར་གྱིས་ཁྲི་འདོན་མཛད། དབོན་ལྷུན་གྲུབ་རྒྱ་མཚོའི་དྲུང་ནས་དགེ་བསྙེན་སྡོམ་པ་ཞུས་ནས་མཚན་ལ་དཀོན་མཆོག་འཇིགས་མེད་རྣམ་རྒྱལ་ཞེས་གསོལ། སྐུ་དབོན་ལྷུན་གྲུབ་དང་སྐུ་དབོན་སངས་རྒྱས་རྒྱ་མཚོ། ཀུན་དགའ་ཆོས་དབྱིངས་རྒྱ་མཚོ་སོགས་བཤེས་གཉེན་དུ་བསྟེན་ནས་ཀུན་མཁྱེན་གསུང་འབུམ་དང་། རྩིས་དཀར་ནག་སོགས་ཕྱི་ནང་གི་རིག་གནས་དུ་མ་ལ་གསན་སྦྱང་ཕུལ་ཕྱིན་མཛད། དགུང་ལོ་ཉེར་བདུན་སྟེང་ཁོང་ཉིད་འཁོར་ཚོགས་རྒྱ་ཆེར་བཅས་དབུས་གཙང་དུ་ཕེབས་ཏེ། གཞུང་དགའ་ལྡན་པ་སོགས་ལ་འབུལ་རྐྱེན། ཇོ་བོ་སོགས་རྟེན་ཁྱད་འཕགས་ལ་གསེར་ཆབ་བཅས་པཎ་ཆེན་རིན་པོ་ཆེའི་མདུན་དུ་དགོས་འབུལ་གཟབ་ལྡན་གྱི་སྒོས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ཇོ་ནང་རྟག་བརྟན་གྱི་སློབ་དཔོན་སྐུ་ཕྱོགས་སྤོ་ར་བ་བློ་བཟང་མཐུ་སྟོབས་ཀྱི་དྲུང་ནས་ཟབ་ལམ་ནེེ་གུའི་ཆོས་བཀའ་ཡོངས་རྫོགས་ཞུས་ནས་ཡོན་འབུལ། དགོན་ལ་སྤྱི་ཐེབས་གྱ་ནོམ་དང་ས་སྐྱ་སོགས་སྒྲུབ་སྡེ་སོ་སོར་མཆོད་འབུལ་མི་དམན་པའི་སྒོ་ནས་རང་གནས་སུ་འབྱོར་ཞིང་། མཚོ་སྔོན་ཕྱོགས་ཀྱི་གཙང་སྒར་དུའང་ཕེབས་ནས་ཆོས་བཀས་འགྲོ་དོན་ཅི་རིགས་མཛད། ར་རྒྱ་ཤིང་བཟའི་སྒར་ནས་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ཡི་གེ་ཡོངས་རྫོགས་དང་རྒྱལ་ཁབ་ཅོ་ནེ་ནས་བཀའ་ཆོས་ཆེན་མོ་གདན་འདྲེན་སོགས་རྣམ་དཀར་གྱི་བསོད་ནམས་རླབས་པོ་ཆེ་ཡུན་རིང་བར་བསགས་སྒོ་ཀུན་ནས་རྒྱ་བསྐྱེད་ནའང་གཙང་བ་ཁོང་ཉིད་དགུང་ལོ་ཞེ་བརྒྱད་ཕྱི་ལོ་ ༡༨༣༧ མེ་བྱའི་ལོའི་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་དགུའི་ཉིན་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་ཟུམ་པར་མཛད་པའོ། །གཙང་ཆེན་འདི་ཉིད་ཀྱི་ཐུགས་སློབ་སྐྱེས་ཆེན་དམ་པ་སྤྱིར་ན་མང་ཞིང་། ཁྱད་པར་སྐུ་འཁོར་དགེ་སློང་ཆོས་འཕེལ་སོགས་ཉེ་གནས་བཤེས་གཉེན་རྡོ་རྗེ་འཛིན་པ་དུ་མ་དང་ཡང་སྒོས་ཁོང་གི་སྐུ་དབོན་བསོད་རྒྱམ་ཞེས་པ་སོགས་ཡིན་ནོ། །

{{#arraymap:དཀོན་མཆོག་འཇིགས་མེད་རྣམ་རྒྱལ་

|; |@@@ | | }}