23872

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀྱུས་ཚང་བའི་འགྲོས་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། སྒྲུབ་པ་བཀའ་བརྒྱད་ལས། པདྨ་གསུང་གི་སྒྲུབ་པ་རྟ་སྐད་ཐེངས་གསུམ་གྱི་དགོངས་པར་བསྟན་པའི་སྐབས། སོར་བཞག་ལྷ་མིའི་ཐེག་པ་ནས་རྫོགས་ཆེན་ཨ་ཏི་ཡོ་གའི་བར་ཐེག་པ་རིམ་པ་དགུ་པོ་མཚོན་བྱེད་ཀྱི་དཔེ་རུ་དྲངས་པའི་རྟ་ཡི་འགྲོས་དགུ་ལས། དགུ་པ་ཨ་ཏི་ཡོ་གའི་ཐེག་པ་མཚོན་བྱེད་ཀྱི་དཔེ་སྟེ། བཀའ་བརྒྱད་རྣམ་བཤད་ལས། དགུ་པ། དཀྱུས་ཚང་བའི་འགྲོས་ཞེས་བྱ་བ་རྟ་རང་ལ་རྒྱུག་རྩལ་ཇི་ཡོད་ཕྱུང་སྟེ་ཐག་ཐོགས་མེད་པར་རྒྱུག་པ་ལྟར། ཨ་ཏི་ཡོ་གའི་ཐེག་པ་ནི། ཆོས་ཐམས་ཅད་སེམས་ཀྱི་རང་སྣང་ཡིན་ལ། སེམས་ནི་སེམས་མེད་ངོ་བོ་ཉིད་ཀྱིས་སྟོང་སྟེ་ཡེ་ནས་སྐྱེ་འགག་མེད་པའི་རིག་པ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཐིག་ལེ་ཉག་གཅིག་འོད་གསལ་བའི་ཡེ་ཤེས་རང་བྱུང་གི་བདག་ཉིད་ཆེན་པོ་བཅོས་སུ་མེད་པའི་དོན་འབྱུང་འཇུག་མེད་པའི་ཏིང་ངེ་འཛིན་ལ་བྱ་རྩོལ་ཀྱི་འཆིང་བ་སྤངས་ཏེ་སོ་མ་གཉུག་མར་གནས་པས། ད་ལྟ་ནས་འབྲས་བུའི་ས་ལ་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་དབང་འབྱོར་བར་བྱེད་པས་ན་ལམ་ཐམས་ཅད་ཀྱི་རྩེ་མོར་ཕྱིན་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དཀྱུས་ཚང་བའི་འགྲོས་

|; |@@@ | | }}