2424

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀེ་དགོན་ (1)
Part of speech མིང་ཚིག
Definition བསྟན་འཛིན་ཕྲིན་ལས་ཀྱིས་བཏབ། དེ་རྗེས་ཀེ་སྤྲུལ་སྐུ་རབས་རིམ་བྱོན་གྱི་ཆོས་བརྒྱུད་གཙོ་བོ་འབྲུག་པ་བཀའ་བརྒྱུད་ཡིན་ལ། དེ་རྗེས་སྐུ་ཕྲེང་བཅུ་གཉིས་པ་ངག་དབང་ཀློང་རིན་རིག་པའི་རྡོ་རྗེ་མཆོག་ནི། ཀཿཐོག་མཁན་ཆེན་དྲི་མེད་འོད་ཟེར་རམ་སྒྲོ་བྲག་མཁན་ཆེན་གྱི་དངོས་སློབ་ཡིན་ལ། དེ་རྗེས་དགོན་འདིར་སྙིང་ཐིག་གཙོ་བོ་ཉམས་བཞེས་མཛད་ཅིང་། མཁན་ཆེན་ཉིད་ཀྱང་གདན་ས་འདིར་ཕེབས་ནས་སྙིང་ཐིག་རྩ་པོད་སོགས་དབང་ལུང་མང་དུ་གནང་། ད་སྐབས་སྐུ་ཕྲེང་བཅུ་གསུམ་པ་སྤྲུལ་ཐེག་མཆོག་རྡོ་རྗེ་མཆོག་ནས། དགོན་པ་ཀེ་མདའ་ནང་བསྐྱར་བཞེངས་བྱས་ཏེ། ད་བར་ལོ་ངོ་ལྔ་ཙམ་སོང་ལ་ཁོང་ནི་ཀཿཐོག་མཁན་ཆེན་འཇམ་དབྱངས་རྒྱལ་མཚན་མདུན་ནས་བཀའ་མ་ཆ་ཚང་། དགོངས་པ་ཟལ་ཐལ། ཡ་བཞི། པོད་གཉིས། གཞན་ཀློང་གསལ་གདམས་ཁྲིད་ནོར་བུའི་མེ་ལོང་དང་། རབ་བྱུང་དགེ་ཚུལ་གྱི་སྡོམ་པ་བཅས་ཞུས། ཀཿཐོག་རྨོག་སྤྲུལ་མདུན་གུར་དྲག བདུད་ཕུར། སྐུ་གསུམ་ཞི་ཁྲོའི་དབང་ལུང་བཅས་གསན་ནས། རྒྱལ་བ་ཀཿཐོག་པའི་ཆོས་བརྒྱུད་འཛིན་པར་གྱུར། ཀེ་དགོན་ཐེག་ཆེན་རྣམ་རྒྱལ་གླིང་བཏབ་ནས་ལོ་ ༤༧༥ ཙམ་སོང་།

{{#arraymap:ཀེ་དགོན་

|; |@@@ | | }}