24462

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བ། རྩོམ་པ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །རྟུལ་བ་ནི། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པའོ། །སོ་སོར་རྟོག་པ་ནི། སེམས་ཅན་ལ་ཕན་པའི་དངོས་པོའོ། །སྒྲུབ་པ་ནི། དེ་བྱེད་པའི་ཆོས་ལ་བཟོད་པའོ། །
Domain ཆོས་ལུགས།

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (2)
Part of speech མིང་ཚིག
Definition རྩོམ་པ་ནི། ཐོས་པ་ཡོངས་སུ་ཚོལ་བའོ། །རྟུལ་བ་ནི། ཐོས་པ་སྟོན་པའོ། །སོ་སོར་རྟོག་པ་ནི། ཚུལ་བཞིན་ཡིད་ལ་བྱེད་པའོ། །སྒྲུབ་པ་ནི། འཕགས་པའི་ཡང་དག་པའི་ལྟ་བའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (3)
Part of speech མིང་ཚིག
Definition རྩོམ་པ་ནི། སེར་སྣའི་སེམས་ཚར་གཅོད་པའོ། །རྟུལ་བ་ནི། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའོ། །སོ་སོར་རྟོག་པ། སེམས་ཅན་ཐམས་ཅད་དང་ཐུན་མོང་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། །སྒྲུབ་པ་ནི། རྣམ་པར་སྨིན་པ་ལ་མི་རེ་བའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (4)
Part of speech མིང་ཚིག
Definition རྩོམ་པ་ནི། གཏོང་བ་ཆེན་པོའོ། །རྟུལ་བ་ནི། གང་སློབ་པ་པོ་རྣམས་ལ་དགེ་བའི་བཤེས་གཉེན་དུ་འདུ་ཤེས་པའོ། །སོ་སོར་རྟོག་པ་ནི། ཀྱེ་མའོ་ལོངས་སྤྱོད་འདི་དག་མི་རྟག་པའི་སྙམ་པའོ། །སྒྲུབ་པ་ནི། བྱིན་ནས་འགྱོད་པ་མེད་པའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (5)
Part of speech མིང་ཚིག
Definition རྩོམ་པ་ནི། ཆོས་ཀྱི་ལོངས་སྤྱོད་ཡོངས་སུ་ཚོལ་བའོ། །རྟུལ་བ་ནི། འཚོ་བ་ཡོངས་སུ་དག་པའོ། །སོ་སོར་རྟོག་པ་ནི། བདག་གིས་སྙིང་པོ་བླང་བར་འགྱུར་རོ་སྙམ་པའོ། །སྒྲུབ་པ་ནི། སྦྱིན་པས་རློམ་སེམས་སུ་མི་བྱེད་པའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (6)
Part of speech མིང་ཚིག
Definition རྩོམ་པ་ནི། འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་སེལ་བའོ། །རྟུལ་བ་ནི། ཚུལ་ཁྲིམས་དང་བརྟུལ་ཞུགས་མ་ཉམས་པའོ། །སོ་སོར་རྟོག་པ་ནི། ཚུལ་ཁྲིམས་འཆལ་བའི་སེམས་ཡོངས་སུ་སྨིན་པར་བྱེད་པའོ། །སྒྲུབ་པ་ནི། ཚུལ་ཁྲིམས་གྱི་ཡོན་ཏན་གྱིས་རློམ་སེམས་སུ་མི་བྱེད་པའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (7)
Part of speech མིང་ཚིག
Definition རྩོམ་པ་ནི། ལུས་ཡོངས་སུ་དག་པའོ། །རྟུལ་བ་ནི། ངག་ཡོངས་སུ་དག་པའོ། །སོ་སོར་རྟོག་པ་ནི། སེམས་ཡོངས་སུ་དག་པའོ། །སྒྲུབ་པ་ནི། ཆོས་ཡོངས་སུ་དག་པའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (8)
Part of speech མིང་ཚིག
Definition རྩོམ་པ་ནི། གནོད་སེམས་ཀྱི་སྐབས་མེད་པའོ། །རྟུལ་བ་ནི། བཟོད་པའི་སྟོབས་རྣམས་རྣམ་པར་དག་པའོ། །སོ་སོར་རྟོག་པ་ནི། བདག་དང་གཞན་སྲུང་པའོ། །སྒྲུབ་པ་ནི། བཟོད་པའི་རློམ་སེམས་སུ་མི་བྱེད་པའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (9)
Part of speech མིང་ཚིག
Definition རྩོམ་པ་ནི། གཤེ་བ་དང་། སྡང་བ་དད་པར་བྱེད་པའོ། །རྟུལ་བ་ནི། གཤེ་བ་དང་། སྡང་བ་འདྲིས་པར་མི་བྱེད་པའོ། །སོ་སོར་རྟོག་པ་ནི། ནང་ཡོངས་སུ་གདུང་བ་མེད་པར་བྱེད་པའོ། །སྒྲུབ་པ་ནི། བདག་དང་གཞན་མི་དམིགས་པའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (10)
Part of speech མིང་ཚིག
Definition རྩོམ་པ་ནི། ལེ་ལོའི་དྲི་མ་སེལ་བའོ། །རྟུལ་བ་ནི། བརྩོན་འགྲུས་ཀྱི་དྲི་མ་ལས་དབེན་པའོ། །སོ་སོར་རྟོག་པ་ནི། སེམས་ཅན་ལེ་ལོ་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །སྒྲུབ་པ་ནི། དེ་བྱ་བ་བྱེད་པའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (11)
Part of speech མིང་ཚིག
Definition རྩོམ་པ་ནི། བྱ་བ་ཡང་དག་པར་སྒྲུབ་པའོ། །རྟུལ་བ་ནི། བྱ་བ་ཉམས་འོག་ཏུ་ཆུད་པར་བྱེད་པའོ། །སོ་སོར་རྟོག་པ་ནི། ཐེག་པ་གཞན་ལ་མི་རེ་བའོ། །སྒྲུབ་པ་ནི། ལས་ཀྱི་རྣམ་པར་སྨིན་པར་ཆུད་མི་གཟོན་པའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (12)
Part of speech མིང་ཚིག
Definition རྩོམ་པ་ནི། དྲན་པའོ། །རྟུལ་བ་ནི། རྟོགས་པའོ། །སོ་སོར་རྟོག་པ་ནི། བློ་གྲོས་སོ། །སྒྲུབ་པ་ནི། མོས་པའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (13)
Part of speech མིང་ཚིག
Definition རྩོམ་པ་ནི། རིག་པའོ། །རྟུལ་བ་ནི། ཚུལ་ལོ། །སོ་སོར་རྟོག་པ་ནི། སྒོའོ། །སྒྲུབ་པ་ནི། འབྱུང་བའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (14)
Part of speech མིང་ཚིག
Definition རྩོམ་པ་ནི། དགེ་བའི་བཤེས་གཉེན་ལ་རྟེན་པའོ། །རྟུལ་བ་ནི། སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བའོ། །སོ་སོར་རྟོག་པ་ནི། མཛའ་བ་དང་། མི་མཛའ་བ་རྣམས་ལ་སེམས་སྙོམས་པའོ། །སྒྲུབ་པ་ནི། ཇི་སྐད་སྨྲས་པའི་ཚིག་དང་མི་འགལ་བར་བྱེད་པའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (15)
Part of speech མིང་ཚིག
Definition རྩོམ་པ་ནི། རབ་ཏུ་བྱུང་བའི་སེམས་སོ། །རྟུལ་བ་ནི། དགའ་བ་དང་། མི་དགའ་བ་ལ་མི་ལྟ་བའོ། །སོ་སོར་རྟོག་པ་ནི། དགེ་བ་ཅི་ཞེས་ཚོལ་བའོ། །སྒྲུབ་པ་ནི། གཞན་ལ་རག་མ་ལུས་པར་ཡེ་ཤེས་རབ་ཏུ་ཐོབ་པའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (16)
Part of speech མིང་ཚིག
Definition རྩོམ་པ་ནི། དགོན་པ་ལ་གནས་པའོ། །རྟུལ་བ་ནི། འདུ་འཛི་ལ་མི་དགའ་བའོ། །སོ་སོར་རྟོག་པ་ནི། དབེན་པར་གནས་པ་ལ་དགའ་བའོ། །སྒྲུབ་པ་ནི། ཉོན་མོངས་པ་མེད་པར་གནས་པའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (17)
Part of speech མིང་ཚིག
Definition རྩོམ་པ་ནི། འདོད་པ་ཆུང་བའོ། །རྟུལ་བ་ནི། ཆོས་ཤེས་པའོ། །སོ་སོར་རྟོག་པ་ནི། དགང་སླང་བའོ། །སྒྲུབ་པ་ནི། རུང་བ་ལ་ཚོད་ཤེས་པའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (18)
Part of speech མིང་ཚིག
Definition རྩོམ་པ་ནི། ལྷག་པའི་ཚུལ་ཁྲིམས་ལ་སློབ་པའོ། །རྟུལ་བ་ནི། ཚུལ་ཁྲིམས་མི་ལྷོད་པའོ། །སོ་སོར་རྟོག་པ་ནི། ལྷག་པའི་སེམས་ལ་སློབ་པའོ། །སྒྲུབ་པ་ནི། ལྷག་པའི་ཤེས་རབ་ལ་སློབ་པའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (19)
Part of speech མིང་ཚིག
Definition རྩོམ་པ་ནི། སྦྱིན་པའི་ཕ རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྟུལ་བ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སོ་སོར་རྟོག་པ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྒྲུབ་པ་ནི། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (20)
Part of speech མིང་ཚིག
Definition རྩོམ་པ་ནི། སྦྱིན་པའོ། །རྟུལ་བ་ནི། སྙན་པར་སྨྲ་བའོ། །སོ་སོར་རྟོག་པ་ནི། དོན་བྱེད་པའོ། །སྒྲུབ་པ་ནི། དོན་མཐུན་པའོ། ། 21. རྩོམ་པ་ནི། བྱམས་པ་ཆེན་པོའོ། །རྟུལ་བ་ནི། སྙིང་རྗེ་ཆེན་པོའོ། །སོ་སོར་རྟོག་པ་ནི། དགའ་བ་ཆེན་པོའོ། །སྒྲུབ་པ་ནི། བཏང་སྙོམས་ཆེན་པོའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (21)
Part of speech མིང་ཚིག
Definition རྩོམ་པ་ནི། ཞིང་ཡོངས་སུ་དག་པར་བྱེད་པའོ། །རྟུལ་བ་ནི། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱེད་པའོ། །སོ་སོར་རྟོག་པ་ནི། དམ་པའི་ཆོས་ཡོངས་སུ་འཛིན་པའོ། །སྒྲུབ་པ་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (23)
Part of speech མིང་ཚིག
Definition རྩོམ་པ་ནི། ཕུང་པོའི་བདུད་ཡོངས་སུ་ཤེས་པའོ། །རྟུལ་བ་ནི། ཉོན་མོངས་པའི་བདུད་ལས་ཤིན་ཏུ་འདའོ། །སོ་སོར་རྟོག་པ་ནི། འཆི་བདག་གི་བདུད་རྣམ་པར་སྤོང་པའོ། །སྒྲུབ་པ་ནི། ལྷའི་བུའི་བདུད་ཕམ་པར་བྱེད་པའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (24)
Part of speech མིང་ཚིག
Definition རྩོམ་པ་ནི། སྡུག་བསྔལ་ཡོངས་སུ་ཤེས་པའོ། །རྟུལ་བ་ནི། ཀུན་འབྱུང་བ་སྤོང་བའོ། །སོ་སོར་རྟོག་པ་ནི། ལམ་སྒོམ་པའོ། །སྒྲུབ་པ་ནི། ལྷའི་བུའི་བདུད་ཕམ་པར་བྱེད་པའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (25)
Part of speech མིང་ཚིག
Definition རྩོམ་པ་ནི། ལུས་ལ་ཞུགས་པའི་དྲན་པའོ། །རྟུལ་བ་ནི། ཚོར་བ་ལ་ཞུགས་པའི་དྲན་པའོ། །སོ་སོར་རྟོག་པ་ནི། སེམས་ལ་ཞུགས་པའི་དྲན་པའོ། །སྒྲུབ་པ་ནི། ཆོས་ལ་ཞུགས་པའི་དྲན་པའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (26)
Part of speech མིང་ཚིག
Definition རྩོམ་པ་ནི། དད་པའོ། །རྟུལ་བ་ནི། བརྩོན་འགྲུས་སོ། །སོ་སོར་རྟོག་པ་ནི། དྲན་པ་དང་། ཏིང་ངེ་འཛིན་ནོ། །སྒྲུབ་པ་ནི། ཤེས་རབ་བོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (27)
Part of speech མིང་ཚིག
Definition རྩོམ་པ་ནི། མི་དགེ་བའི་ཆོས་སྤོང་བའོ། །རྟུལ་བ་ནི། དགེ་བའི་ཆོས་ཡོངས་སུ་རྫོགས་པར་བྱེད་པའོ། །སོ་སོར་རྟོག་པ་ནི། ལུས་དང་སེམས་ལས་སུ་རུང་བར་བྱེད་པའོ། །སྒྲུབ་པ་ནི། མངོན་པར་འདུ་བྱ་བ་མེད་པའི་རྫུ་འཕྲུལ་རབ་ཏུ་ཐོབ་པར་བྱེད་པའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (28)
Part of speech མིང་ཚིག
Definition རྩོམ་པ་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་ལའོ། །རྟུལ་བ་ནི། ལམ་མའོ། །སོ་སོར་རྟོག་པ་ནི། ཞི་གནས་དང་། ལྷག་མཐོང་ལའོ། །སྒྲུབ་པ་ནི། རེག་པ་དང་། རྣམ་པར་གྲོལ་བ་ལའོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}

དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་ (29)
Part of speech མིང་ཚིག
Definition རྩོམ་པ་ནི། འཇུག་པའི་སྤྱོད་པའོ། །རྟུལ་བ་ནི། དཀར་པོ་རྣམ་པར་མཐོང་བའི་སྤྱོད་པའོ། །སོ་སོར་རྟོག་པ་ནི། སེམས་ཤིན་ཏུ་སྦྱངས་པའོ། །སྒྲུབ་པ་ནི། ཕྱིར་མི་ལྡོག་པའི་ཡེ་ཤེས་སོ། །

{{#arraymap:དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི་

|; |@@@ | | }}