24605

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་འདུན་དབྱེན་གྱི་མཚམས་མེད་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མཚམས་མེད་ལྔའི་ནང་གསེས་ཤིག་སྟེ། དགེ་འདུན་གྱི་སྡེ་གཉིས་དབྱེ་བར་བྱེད་པའི་མཚམས་མེད་ཀྱི་ལས་ཏེ། མཆིམས་མཛོད་ལས། དགེ་འདུན་གྱི་དབྱེན་དུ་བཤད་པ་གང་ཡིན་པ་དེ་ནི་ཆོས་ཀྱི་འཁོར་ལོའི་དབྱེན་དུ་འདོད་དེ། ཇི་སྲིད་དུ་དགེ་འདུན་བྱེ་ནས་མ་དུམ་པ་དེ་སྲིད་དུ་སུའི་རྒྱུད་ལའང་ལམ་མི་སྐྱེ་བའི་ཕྱིར། (བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་ཡང་ཕྱེ་བ་ཡིན་ནོ། །) དེ་ནི་མཚམས་མེད་ཡིན་ནོ། །དབྱེན་གཞན་ནི་མཚམས་མེད་མ་ཡིན་ནོ། །ཞེས་གསུངས། སེར་སྨད་རྒྱལ་དབང་མཛོད་ལས། དེ་དག་གི་དགོངས་དོན་ལ་རིགས་པས་ལེགས་པར་བརྟགས་ནས་སྨྲ་ན། འཁོར་ལོའི་དབྱེན་ཤཱཀྱ་ཐུབ་པའི་བསྟན་པ་ལ་མ་གཏོགས་མི་འབྱུང་བར་འདོད་པ་ནི་ཉན་ཐོས་སྡེ་པ་གཞན་དག་འགའ་ཞིག་གི་འདོད་ཚུལ་ལས། ཁ་ཆེ་བྱེ་བྲག་སྨྲ་བའི་རང་ལུགས་ནི་མ་ཡིན་པར་མངོན་ཏོ། །དེའི་ལུགས་ལ། མཛོད་རྩ་བར། འཛམ་བུའི་གླིང་ནའོ་དགུ་སོགས་ཀྱིས། །ཞེས་འཁོར་ལོའི་དབྱེན་འབྱུང་བ་ལ་གང་ཟག་དགེ་སློང་དགུ་ཡན་ཆད་ངེས་པ་མེད་པར་གསུངས་པ་ཉིད་ཀྱིས་བསྟན་པ་གཞན་དང༌། དུས་བསྐལ་པ་གཞན་དག་ལ་འབྱུང་བ་ཤེས་ནུས་པའི་ཕྱིར། དེའི་དབང་དུ་བྱས་ན་འཁོར་ལོའི་དབྱེན་གྱི་མཚམས་མེད་དང༌། དགེ་འདུན་དབྱེན་གྱི་མཚམས་མེད་གཉིས་དོན་གཅིག་ཏུ་འདོད་ཆོག་པ་འདྲ་སྟེ། འཁོར་ལོའི་དབྱེན་འབྱུང་ཚུལ་དེ་ལས་གཞན་པའི་དགེ་འདུན་དབྱེན་གྱི་མཚམས་མེད་འབྱུང་ཚུལ་ཞིག་མ་བཤད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།
Synonyms འཁོར་ལོའི་དབྱེན་གྱི་མཚམས་མེད། དགེ་འདུན་དབྱེན་གྱི་མཚམས་མེད།

{{#arraymap:དགེ་འདུན་དབྱེན་གྱི་མཚམས་མེད་

|; |@@@ | | }}