2468

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀེང་ཤུ་ཀ་ (1)
Part of speech མིང་ཚིག
Definition རྩི་ཤིང་མེ་ཏོག་དམར་པོ་ཤ་མདོག་ལྟ་བུ་བཞད་པ་ཞིག་ཡིན་པར་གྲགས་ཏེ།
Example ཀེང་ཤུའི་མེ་ཏོག་ཤ་ཡིན་ཞེས། །ཅེ་སྤྱང་མིན་པ་སུ་ཞིག་བསམ། །ཞེས་པ་ལྟ་བུ།

{{#arraymap:ཀེང་ཤུ་ཀ་

|; |@@@ | | }}

ཀེང་ཤུ་ཀ་ (2)
Part of speech མིང་ཚིག
Definition རྒྱ་སྐྱེགས་ཤིང་དང་ཤིང་དེའི་ཚི་བ་རྒྱ་སྐྱེགས། ཡུལ་སྐད་དུ་ལ་ཆ་ཡིན་པར་བཤད་འདུག ཤེལ་གོང་ཕྲེང་དུ། རྒྱ་སྐྱེགས་ཤིང་དབྱིབས་སྟག་པ་འདྲ། །མེ་ཏོག་འདབ་མའི་ནང་དམར་ལ། །རྒྱབ་ནག་ཟེ་འབྲུ་སེར་པོ་ཅན། །ཀེང་ཤུ་ཀ་ཡི་ཐང་ཚི་ཡིན། །ཞེས་གསུངས། དོན་ལ་ཤིང་ཀེང་ཤུ་ཀའི་ཚི་ཡིན། བཏུ་དུས་ནམ་ཟླའི་དབང་གིས་གྲོ་ཚོས་ཞེས་དྭངས་ཤས་ཅན་དང༌། ནག་ཧྲུག་ཅེས་དམར་ནག་གཉིས་འབྱུང་ངོ༌། །
Synonyms སྲིན་པོའི་ཁྲག ལྷ་མོའི་ཟླ་མཚན། ཁྱབ་མཇུག་རིལ་མ། རྒྱ་སྐྱེགས། རྒྱ་སྐགས། ཚོས། ཕོ་ཚོས།

{{#arraymap:ཀེང་ཤུ་ཀ་

|; |@@@ | | }}