24816

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་རྒྱུ་གསུམ་གྱིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་བ་གསུམ་ (1)
Part of speech མིང་ཚིག
Definition འདུལ་བ་རྣམ་པར་འབྱེད་པ་ལས་བྱུང་བ་ལ་ཁག་ལྔ་ཡོད་པ་སྟེ། ༡ བདག་ཉིད་ཀྱིས་མ་བྱིན་པར་ལེན་པ་མ་བྱིན་པར་ལེན་པ་ནི། བདག་ཉིད་ཀྱིས་རྐུ་བ་དང་། བདག་ཉིད་རྐུར་འཇུག་པ་དང་། བདག་ཉིད་ཀྱིས་གནས་ནས་གནས་སུ་སྦེད་པར་བྱེད་པ་སྟེ། དེ་ལྟར་བདག་ཉིད་ཀྱིས་སོ། །༢ ཞལ་ཏ་བྱས་ཏེ་མ་བྱིན་པར་ལེན་པ་ནི། ཞལ་ཏ་བྱས་ཏེ་རྐུ་བ་དང་། ཞལ་ཏ་བྱས་ཏེ་རྐུར་འཇུག་པ་དང་། ཞལ་ཏ་བྱས་ཏེ་གནས་ནས་གནས་སུ་སྦེད་པར་བྱེད་པ་སྟེ། དེ་ལྟར་ཞལ་ཏའོ། །༣ ཇི་ལྟར་མངགས་པས་ཤེ་ན། མངགས་པས་རྐུ་བ་དང་། མངགས་པས་རྐུར་འཇུག་པ་དང་། མངགས་པས་གནས་ནས་གནས་སུ་སྦེད་པར་བྱེད་པ་སྟེ། དེ་ལྟར་མངགས་པས་སོ། །
Domain ཆོས་ལུགས།

{{#arraymap:དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་རྒྱུ་གསུམ་གྱིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་བ་གསུམ་

|; |@@@ | | }}

དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་རྒྱུ་གསུམ་གྱིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་བ་གསུམ་ (2)
Part of speech མིང་ཚིག
Definition ༡ མ་བྱིན་པ་ནི། དེ་ལ་སྐྱེས་པའམ། བུད་མེད་དམ་མ་ནིང་གང་གིས་ཀྱང་མ་བྱིན་པའོ། །༢ ལྕི་བ་ནི། མ་ཤ་ཀ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པའོ། །༣ གནས་ནས་གནས་སུ་སྦེད་པ་ནི། གནས་གང་དུ་བཞག་པར་གྱུར་པའི་གནས་དེ་ནས་སྤགས་ཤིང་གནས་གཞན་དུ་འཇོག་པར་བྱེད་པའོ། །

{{#arraymap:དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་རྒྱུ་གསུམ་གྱིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་བ་གསུམ་

|; |@@@ | | }}

དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་རྒྱུ་གསུམ་གྱིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་བ་གསུམ་ (3)
Part of speech མིང་ཚིག
Definition ༡ སེམས་པར་བྱེད་པ་ནི། དེ་ལ་རྐུ་སེམས་ཉེ་བར་གནས་པའོ། །༢ རྩོལ་བར་བྱེད་པ་ནི། ལག་པ་དག་དང་རྐང་པ་དག་གིས་རྩོལ་བར་བྱེད་པའོ། །༣ གནས་ནས་གནས་སུ་སྦེད་པ་ནི། གནས་གང་དུ་བཞག་པར་གྱུར་པའི་གནས་དེ་ནས་སྤགས་ཤིང་གནས་གཞན་དུ་འཇོག་པར་བྱེད་པའོ། །

{{#arraymap:དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་རྒྱུ་གསུམ་གྱིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་བ་གསུམ་

|; |@@@ | | }}

དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་རྒྱུ་གསུམ་གྱིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་བ་གསུམ་ (4)
Part of speech མིང་ཚིག
Definition ༡ གཞན་གྱིས་ཡོངས་སུ་བཟུང་བ་ནི། འདི་ལྟ་སྟེ་ཡོ་བྱད་ལྕི་བ་དག་གཞན་སྐྱེས་པའམ། བུད་མེད་དམ་མ་ནིང་དག་གིས་ཡོངས་སུ་བཟུང་བར་གྱུར་པའོ། །༢ ལྕི་བ་ནི། མ་ཤ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པའོ། །༣ གནས་ནས་གནས་སུ་སྦེད་པར་བྱེད་པ་ནི། གནས་གང་དུ་བཞག་པར་གྱུར་པའི་གནས་དེ་ནས་སྤགས་ཤིང་གནས་གཞན་དུ་འཇོག་པར་བྱེད་པའོ། །

{{#arraymap:དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་རྒྱུ་གསུམ་གྱིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་བ་གསུམ་

|; |@@@ | | }}

དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་རྒྱུ་གསུམ་གྱིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་བ་གསུམ་ (5)
Part of speech མིང་ཚིག
Definition ༡ གཞན་གྱིས་ཡོངས་སུ་བཟུང་བར་འདུ་ཤེས་པ་ནི། འདི་ལྟ་སྟེ། དགེ་སློང་གིས་ཡོ་བྱད་ལྕི་བ་འདི་དག་གཞན་སྐྱེས་པའམ། བུད་མེད་དམ་མ་ནིང་དག་གིས་ཡོངས་སུ་བཟུང་བར་འདུ་ཤེས་པའོ། །༢ ལྕི་བ་ཡིན་ནི། མ་ཤ་ཀ་ལྔའམ། མ་ཤ་ཀ་ལས་ལྷག་པའོ། །༣ གནས་ནས་གནས་སུ་སྦེད་པར་བྱེད་པ་ནི། གནས་གང་དུ་བཞག་པར་གྱུར་པའི་གནས་དེ་ནས་སྤགས་ཤིང་གནས་གཞན་དུ་འཇོག་པར་བྱེད་པའོ། །

{{#arraymap:དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་རྒྱུ་གསུམ་གྱིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་བ་གསུམ་

|; |@@@ | | }}