25183

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགྱེར་སྒོམ་གཞོན་ནུ་གྲགས་པ་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་ལྕགས་རྟ་ཕྱི་ལོ་ ༡༠༩༠ ལོར་དགྱེར་ལྷ་སྣང་གི་རིགས་སུ་འཁྲུངས། རབ་བྱུང་གསུམ་པའི་ལྕགས་ཡོས་ཕྱི་ལོ་ ༡༡༧༡ ལོར་སྐུ་གཤེགས། བཤེས་གཉེན་མང་པོ་བསྟེན། །མདོ་སྔགས་རིག་གནས་ཀུན་ལ་སྦྱངས། བཀའ་གདམས་པའི་བླ་མ་སྣེའུ་ཟུར་པ་ཡེ་ཤེས་འབར་དང་། བྱ་ཡུལ་བ་གཞོན་ནུ་འོད་གཉིས་བསྟེན། བཀའ་གདམས་པའི་གདམས་ངག་མ་ལུས་ཞུས། སྒྲུབ་པ་ཉམས་ལེན་གཙོ་བོར་མཛད། རྟོགས་པ་ཁྱད་པར་ཅན་ཐུགས་ལ་འཁྲུངས། དགྱེར་སྒོམ་པ་ཞེས་གྲགས། ཉེར་དགུ་བ་རབ་བྱུང་གཉིས་པའི་ས་ཕག་ཕྱི་ལོ་ ༡༡༡༩ ལོར་རྒྱ་མ་རིན་ཆེན་སྒང་གི་གཙུག་ལག་ཁང་དང་། སྡེ་དགོན་བཅས་བཏབ། གྲྭ་བ་བརྒྱད་བརྒྱ་ལྷག་ཙམ་འདུས། གྱ་གཉིས་པ་རབ་བྱུང་གསུམ་པའི་ལྕགས་ཡོས་ཕྱི་ལོ་ ༡༡༧༡ ལོར་སྐུ་གཤེགས།

{{#arraymap:དགྱེར་སྒོམ་གཞོན་ནུ་གྲགས་པ་

|; |@@@ | | }}