25216

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགྲ་ (1)
Part of speech མིང་ཚིག
Definition བསམ་བཞིན་དུ་གནོད་པ་བྱེད་མཁན་ནམ། ཁེ་ཕན་གྱི་འགལ་བ་ཡོད་པས་ཕན་ཚུན་མི་མཐུན་པར་ཞེ་ནས་སྡང་བའི་མི་ལ་ཟེར།
Example དགྲ་ལ་ཡ་ལན་སྤྲོད་པ། དགྲ་དང་གཉེན་གྱི་དབྱེ་བ་འབྱེད་དགོས་ལྟ་བུ།
Synonyms དགྲ་བོ། དགྲ་བྱེད། དགྲར་འཛིན། སྡང་དགྲ། སྡང་བྱེད། འཁོན་བྱེད། འགལ་བྱེད། འཚེ་བྱེད། རྒོལ་བྱེད། གནོད་བྱེད། འཁུ་བྱེད། མཛའ་བྲལ། ཞེ་འགྲས།
Antonyms གཉེན།

{{#arraymap:དགྲ་

|; |@@@ | | }}

དགྲ་ (2)
Part of speech མིང་ཚིག
Definition འབྱུང་རྩིས་སུ་བཤད་པའི་མ་བུ་དགྲ་གྲོགས་ཀྱི་ཡ་གྱལ་ཞིག་སྟེ། བརྟན་གཡོའི་དངོས་པོ་ཐམས་ཅད་ལ་ཁྱབ་པའི་འབྱུང་བ་དེ་དག་གཉིས་གཉིས་ཕན་ཚུན་ཕྲད་པ་ལས་ནུས་པ་དང་བྱེད་ལས་མི་འདྲ་བ་རེ་བྱུང་སྟེ། ཕྱི་རོལ་ཏུ་ཕན་གནོད་སྣ་ཚོགས་ཀྱི་རྣམ་པར་ཤར་བས་མ་བུ་དགྲ་གྲོགས་ཀྱི་ཐ་སྙད་བྱས་པའོ། །
Domain རྩིས་རིག
Antonyms གྲོགས།

{{#arraymap:དགྲ་

|; |@@@ | | }}