25403

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དངུལ་ཆུ་ངག་དབང་རྡོ་རྗེ་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་ལྕགས་བྱི་ཕྱི་ལོ ༡༧༢༠ ལོར་གཙང་གྲོ་འཁོར་བཀྲ་ཤིས་ཁང་གསར་དུ་འཁྲུངས། བྱིས་དུས་ཀྱི་མིང་ལ་ལྷ་བཙན་རྡོ་རྗེ་ཞེས་ཞུ། བཀྲ་ཤིས་དགེ་འཕེལ་གླིང་གི་སློབ་དཔོན་དགེ་འདུན་ཡར་འཕེལ་ལ་གཙུག་ཕུད་ཕུལ། མཚན་ལ་དགེ་འདུན་རྡོ་རྗེ་ཞེས་གསོལ། ཆོས་རྗེ་ངག་དབང་དར་པོ་ལས་དགེ་ཚུལ་བསྒྲུབས། མཚན་ལ་ངག་དབང་རྡོ་རྗེ་ཞེས་གསོལ། མཚན་ལན་གསུམ་བྱུང་ཡང་རྡོ་རྗེའི་སྒྲ་མ་བསྒྱུར། ཚེ་རིང་པོ་གནས་པའི་རྟེན་འབྲེལ་ཡིན་གསུངས། བཞད་དགེ་འཕེལ་གླིང་གི་ཆོས་གྲྭར་ཞུགས། གཞུང་ཆེན་ཁག་ལ་སྦྱངས། དངུལ་ཆུ་དྷརྨ་བྷ་གསར་ལ་རབ་བྱུང་གི་སྡོམ་པ་གནང་། མདོ་སྔགས་ཀྱི་ཟབ་ཆོས་མ་ལུས་གནང་། སྐུ་ཚེ་གང་སྒྲུབ་ལ་རྩེ་གཅིག་ཏུ་བརྩོན། གྱ་བཞི་བ་རབ་བྱུང་བཅུ་གསུམ་པའི་ཆུ་ཕག་ཕྱི་ལོ ༡༨༠༢ ལོར་སྐུ་གཤེགས། གསུང་རྩོམ་ནི་འདུལ་བའི་ཆོ་ག་ལས་དེང་དུས་མཁོ་བ་འགའ་ཞིག་ཟུར་དུ་བཀོད་པ་དང་། ལྷ་ཆོས་དང་མི་ཆོས་འབྲེལ་བའི་བསླབ་བྱ་ནོར་བུ་ཕྲེང་བ། བརྡ་གསར་རྙིང་གི་ཁྱད་པར་བསྟན་པ་གསར་བུའི་བློ་གྲོས་སྐྱེད་བྱེད། བོད་ཀྱི་བརྡའི་བྱེ་བྲག་སོ་སོར་ཕྱེ་བ་དག་བྱེད་གསལ་བའི་མེ་ལོང་བཅས་ཆོས་ཚན་བཅུ་གཉིས་ལོངས་པའི་པོ་ཏི་གཅིག་བཞུགས།
Synonyms དགེ་འདུན་རྡོ་རྗེ། ངག་དབང་རྡོ་རྗེ།

{{#arraymap:དངུལ་ཆུ་ངག་དབང་རྡོ་རྗེ་

|; |@@@ | | }}