25740

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དད་པ་ལ་རྣམ་པ་གཉིས་ (1)
Part of speech མིང་ཚིག
Definition མྱང་འདས་ལེའུ་བཅུ་གཉིས་པ་འོད་སྲུང་གིས་དྲིས་པའི་ལེའུ་ལས་བྱུང་བ། ༡ དང་པ། ༢ ཚོལ་བའོ། །གང་ཟག་དེ་ལ་དད་པ་ཡོད་མོད་ཀྱི་ཚོལ་ཞིང་རྩོལ་མི་ནུས་ཏེ། དེ་བས་ན་དད་པ་དང་མི་ལྡན་པ་ཞེས་བྱའོ། །
Domain ཆོས་ལུགས།

{{#arraymap:དད་པ་ལ་རྣམ་པ་གཉིས་

|; |@@@ | | }}

དད་པ་ལ་རྣམ་པ་གཉིས་ (2)
Part of speech མིང་ཚིག
Definition ༡ ཐོས་པ་ལས་སྐྱེ་བ། ༢ བསམས་པ་ལས་སྐྱེ་བའོ། །དེའི་དད་པ་ཐོས་པ་ལས་སྐྱེས་ཏེ། བསམས་པ་ལས་མ་སྐྱེས་པས་ན་དད་པ་དང་མི་ལྡན་པ་ཞེས་བྱའོ། །

{{#arraymap:དད་པ་ལ་རྣམ་པ་གཉིས་

|; |@@@ | | }}

དད་པ་ལ་རྣམ་པ་གཉིས་ (3)
Part of speech མིང་ཚིག
Definition ༡ ཡོད་པར་དད་པ། ༢ ཐོབ་པ་ཡོད་པར་དད་པའོ། །དེའི་དད་པའི་སེམས་ནི་ཚུལ་ཁྲིམས་སྡོམ་པ་དང་། བྱང་ཆུབ་ཡོད་པར་དད་མོད་ཀྱི། ཐོབ་པ་ཡོད་པར་ཡིད་མི་ཆེས་པ་ནི་དད་པ་དང་མི་ལྡན་པ་ཞེས་བྱའོ། །

{{#arraymap:དད་པ་ལ་རྣམ་པ་གཉིས་

|; |@@@ | | }}

དད་པ་ལ་རྣམ་པ་གཉིས་ (4)
Part of speech མིང་ཚིག
Definition ༡ ཡང་དག་པ་ལ་དད་པ། ༢ ལོག་པ་ལ་དད་པའོ། །གང་རྒྱུ་དང་འབྲས་བུའང་ཡོད། སངས་རྒྱས་དང་། ཆོས་དང་། དགེ་འདུན་ཡང་ཡོད་དོ་ཞེས་སྨྲ་བ་ནི་ཡང་དག་པ་ལ་དད་པའོ། །གང་རྒྱུ་དང་། འབྲས་བུའང་མེད། དཀོན་མཆོག་གསུམ་གྱི་མཚན་ཉིད་ཀྱང་ཐ་དད་དོ་ཞེས་སྨྲ་སྟེ། འོད་སྲུང་རྫོགས་བྱེད་ལ་སོགས་པའི་ངན་པར་སྨྲ་བ་ལ་ཡིད་ཆེས་པ་ནི་ལོག་པ་ལ་དད་པ་ཞེས་བྱའོ། །གང་ཟག་དེས་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་དད་མོད་ཀྱི། དཀོན་མཆོག་གསུམ་གྱི་མཚན་ཉིད་གཅིག་པར་ཡིད་མི་ཆེས་པ་དང་། རྒྱུ་དང་། འབྲས་བུ་ཡོད་པར་དད་མོད་ཀྱི། ཐོབ་པར་ཡིད་མི་ཆེས་པ་ནི་དད་པ་དང་མི་ལྡན་པ་ཞེས་བྱའོ། །

{{#arraymap:དད་པ་ལ་རྣམ་པ་གཉིས་

|; |@@@ | | }}