25977

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་ཁང་ངག་དབང་ཆོས་ཀྱི་རྒྱལ་མཚོ་ (1)
Part of speech མིང་ཚིག
Definition ཁོང་ནི་རབ་བྱུང་བརྒྱད་པའི་མེ་ཕོ་བྱི་ལོ་སྟེ་ཕྱི་ལོ་ ༡༤༥༦ ལོར་གཙང་གི་བཞད་ཤར་ཕྱོགས་དཔལ་ཁང་ཞེས་པའི་ཁྱིམ་དུ་འཁྲུངས། ཞྭ་ལུ་ལོ་ཙཱ་བ་དང་། སྐྱོགས་ལོ་ངག་དབང་རིན་ཆེན་བཀྲ་ཤིས་སོགས་བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་སྦྱངས། འདས་ལོ་མི་གསལ། གསུང་རྩོམ་བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མ་དང་། ཚིག་རྒྱན་སྙན་ངག་གི་བསྟན་བཅོས་མེ་ལོང་རྒྱན་གྱི་དཔེར་བརྗོད་བཀླགས་པས་ཀུན་ཤེས། སྙན་ངག་མེ་ལོང་གི་རྒྱན་གྱི་དཔེར་བརྗོད་རབ་གསལ་བཀླགས་པས་ཀུན་ཤེས་སྒྲ་རྒྱན་གབ་ཚིག་གི་རྟགས་སྐྱོན་སེལ་བ་དང་བཅས་པའི་རྣམ་བཤད། མིང་གི་མངོན་བརྗོད་པདྨ་དཀར་པོའི་འཕྲེང་བ་བཅས་བཞུགས།
Synonyms དཔལ་ཁང་ལོ་ཙཱ་བ། དཔལ་ཁང་ཆོས་མཛད། དབྱངས་ཅན་སྙེམས་པའི་སྡེ། ཀརྨ་འཕྲིན་ལས་ཕྱོགས་ལས་རྣམ་རྒྱལ།

{{#arraymap:དཔལ་ཁང་ངག་དབང་ཆོས་ཀྱི་རྒྱལ་མཚོ་

|; |@@@ | | }}