26097

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་ཆེན་ཆོས་ཀྱི་ཡེ་ཤེས་ (1)
Part of speech མིང་ཚིག
Definition རྔོག་སེང་གེ་ཁ་བའི་ཡང་སློབ་ཡིན། འབྲི་གུང་དུ་བྱོན། སྐྱོབ་པ་འཇིག་རྟེན་མགོན་པོ་བསྟེན། ཟབ་རྒྱས་ཆོས་ཀྱི་གདམས་པ་ཐམས་ཅད་གསན། གཉོས་རྒྱལ་བ་ལྷ་ནང་སངས་རྒྱས་རིན་ཆེན་དང་། མགར་དམ་པ་ཆོས་སྡིངས་གཉིས་དང་ལྷན་ཅིག་ཏུ་ཙ་རིར་བྱོན། སྐབས་དེར་གཉོས་མགར་གཉིས་དང་མཐུན་པའི་གསང་སྔགས་ཀྱི་ཀུན་སྤྱོད་མ་མཛད། ཆོས་རྗེ་སྐྱོབ་པས་བཀའ་ལྟར་ཙ་རིར་ཕེབས། ཉམས་རྟོགས་ཀྱི་ཡོན་ཏན་ལ་མངའ་བརྙེས། གསུང་རྩོམ་ནི་རིན་པོ་ཆེ་བཞི་འགྲོས་སོགས་བསྟན་བཅོས་འགའ་ཡོད། ཆོས་རྗེ་སྐྱོབ་པའི་སློབ་མ་དཔལ་ཆེན་བརྒྱད་ཀྱི་ཡ་གྱལ་ཡིན།
Synonyms འབྲི་གུང་ནག་ཚང་པ།

{{#arraymap:དཔལ་ཆེན་ཆོས་ཀྱི་ཡེ་ཤེས་

|; |@@@ | | }}