26108

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་ཆེན་རྒྭ་ལོའི་སྦྱོར་དྲུག་གི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། དཔལ་ཆེན་རྒྭ་ལོའི་སྦྱོར་དྲུག་གི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་གོ་བཞི་པ་ཡིན། བརྗོད་བྱ་ནི། སྦྱོར་བ་ཡན་ལག་དྲུག་ལས་ཐོག་མར་དགེ་བ་སོར་བསམ་གཉིས་དང་། བར་དགེ་སྲོག་རྩོལ་གྱིས་གཏུམ་མོས་ཞི་བདེ་འདྲེན་པའི་རྣལ་འབྱོར་སྒོམ་པའི་རིམ་པ་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། དུས་ཀྱི་འཁོར་ལོ་ཙཱ་མི་སངས་རྒྱས་གྲགས། ཨ་བྷ་ཡ་དང་དཔལ་ཆེན་རྒྭ་ལོ་ཙཱ། བླ་མ་ཞང་དང་རོ་སྙོམས་ལྷུན་གྲུབ་པ། ཡང་དགོན་སྤྱན་སྔ་བ་དང་ཟུར་ཕུག་པ། རྒྱལ་མཚན་དཔལ་བཟང་འཇམ་དབྱངས་ཆོས་ཀྱི་རྗེ། ཀུན་དར་རས་མ་གྲགས་པ་དཔལ་འབྱོར་དང་། རིན་ཆེན་ཆོས་དང་པཎ་ཆེན་ཨ་མོགྷ། སོགས། ཞེས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། སྒྲོལ་བའི་མགོན་པོ་རྗེ་བཙུན་འཕྲིན་ལས་དབང་། རིན་ཆེན་རྒྱ་མཚོ་སྙིང་པོ་མཐའ་ཡས་དང་། ཀུན་བཟང་དབང་པོ་རྣམས་ལ་གསོལ་བ་འདེབས། ཆོས་དབྱིངས་ཆོས་འབྱོར་མཐུ་སྟོབས་དཔའ་བཟང་དང་། ལྕགས་ཟམ་སྤྲུལ་སྐུ་བསྟན་སྐྱོང་མཁྱེན་བརྩེའི་དབང་། ཡོན་ཏན་རྒྱ་མཚོ་འཁོར་ལོ་བདེ་ཆེན་མཚན། སྟོབས་ལྡན་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། ཚེ་ནོར་ཆོས་འབྱོར་ཀརྨ་འགྱུར་མེད་དང་། ཚེ་དབང་པད་སྤྲུལ་བློ་གྲོས་མཐའ་ཡས་དང་། ངག་དབང་བློ་གྲོས་བདེ་ཆེན་རྡོ་རྗེ་དང་། བློ་བཟང་ཕྱོགས་གླང་རྣམས་ལ་གསོལ་བ་འདེབས། མཁྱེན་རབ་རྒྱ་མཚོ་བློ་གྲོས་རྣམ་པར་རྒྱལ། ཡོན་ཏན་བཟང་པོ་མཁན་ཆེན་ཤེས་རབ་གསལ། ཐུགས་རྗེ་དཔལ་བཟང་པདྨ་རྣམ་པར་རྒྱལ། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། བླ་མ་ཞང་ཚལ་བའི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:དཔལ་ཆེན་རྒྭ་ལོའི་སྦྱོར་དྲུག་གི་ཁྲིད་

|; |@@@ | | }}