26285

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་མིའི་དབང་བོའི་རྟོགས་བརྗོད་འཇིག་རྟེན་ཀུན་ཏུ་དགའ་བའི་གཏམ་ (1)
Part of speech མིང་ཚིག
Definition ཞེས་བྱ་བ་འདི་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་རབ་བྱུང་བཅུ་གཉིས་པའི་ཆུ་གླང་ཕྱི་ལོ་ ༡༧༣༣ ལོར་བརྩམས། འདིར་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་མི་ཚེ་རིལ་པོར་མེས་རྒྱལ་གཅིག་གྱུར་གྱི་བྱ་བ་ལ་འབད་པའི་རྣམ་ཐར་གཞིར་བྱས་ཤིང་། ཟུར་རྒྱན་དུ་ཧོར་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་བོད་དུ་ཆབ་སྲིད་བཟང་ཚུལ་དང་། གོང་མ་ཧྲུན་ཀྲི་དང་བདེ་སྐྱིད་རྒྱལ་པོ་གཉིས་ཀྱི་སྐབས་སུ་བོད་གངས་ཅན་གྱི་ལྗོངས་འདིར་རྒྱ་བོད་ཧོར་གསུམ་དང་མན་ཇུ་བཅས་མི་རིགས་ཁག་ཕན་ཚུན་བར་གྱི་འབྲེལ་ལམ་ཕྲ་རགས། དཔོན་འབངས་སེར་སྐྱའི་ཁ་རྒྱུན་གཏམ་རྒྱུད་ཐོར་བུ་བཅས་ཚར་དུ་དངར་བ་བསྒྲིགས་ནས་རྟོགས་བརྗོད་ནང་དོན་ཕུན་སུམ་ཚོགས་ཤིང་གཞན་ཡིད་འཕྲོག་པ་ཞིག་ཏུ་གྱུར། འདིར་འཁོད་པ་ནི་མི་དབང་ཕོ་ལྷ་བས་གཙང་དང་མངའ་རིས་ཀྱི་དམག་དྲངས་ཏེ་བློན་ངན་ང་ལུམ་སྦྱར་གསུམ་དང་བཅས་པ་ཚར་བཅད་པ་དང་། རྩོམ་འདིའི་མཛད་པ་པོ་ཚེ་རིང་དབང་རྒྱལ་དང་ཐུག་ཕྲད་གནང་བ་བཅས་པའི་གནས་ཚུལ་ལོ། །

{{#arraymap:དཔལ་མིའི་དབང་བོའི་རྟོགས་བརྗོད་འཇིག་རྟེན་ཀུན་ཏུ་དགའ་བའི་གཏམ་

|; |@@@ | | }}