2633

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀོང་པོ་ཡེ་ཤེས་ཐར་འདོད་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་མེ་བྱི་ཕྱི་ལོ་༡༧༥༦ལོར་ཀོང་པོ་བྲག་གསུམ་འབྲུ་ལ་སེ་བ་སྒང་དུ་ཡབ་སྒྲོན་མ་དར་རྒྱས་དང་། ཡུམ་བསོད་ནམས་དཔལ་འཛོམས་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་པར་དགེ་བཤེས་བྱམས་པ་རིན་ཆེན་ལ་གཙུག་ཕུད་ཕུལ། མཚན་ལ་ཡེ་ཤེས་ཐར་འདོད་ཅེས་གསོལ། འབྲུ་ལ་རི་ཁྲོད་དུ་ཕེབས་ཏེ་དགེ་སློང་བསྐལ་བཟང་བཀྲ་ཤིས་ལས་ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས་བཅས་ལ་བྱང་བར་མཛད། བཅུ་གསུམ་པར་འདུལ་འཛིན་དཔལ་འབྱོར་བཟང་པོ་དང་། དགེ་སློང་འཕགས་པ་བསམ་གཏན་ལས་དགེ་བསྙེན་དང་། རབ་བྱུང་། དགེ་ཚུལ་བཅས་དཀྱུས་གཅིག་ཏུ་བསྒྲུབས། བཅུ་བཞི་པར་དབུས་སུ་ཕེབས། སེར་སྨད་ཐོས་བསམ་གླིང་དུ་ཞུགས། སྤྱི་སྒེར་ཆོས་ཀྱི་སློབ་དཔོན་སྦྱིན་པ་ཆོས་བཟང་དང་། ཀོང་པོ་ཡེ་ཤེས་རབ་འཕེལ། གྱེ་རེ་ཞབས་དྲུང་སྐལ་བཟང་ཚོགས་གཉིས། སྤོ་འབོར་སྐལ་བཟང་རྣམ་རྒྱལ། ཁྲི་ཆེན་ནོ་མིན་ཧན་ངག་དབང་ཚུལ་ཁྲིམས་སོགས་བསྟེན། བསྡུས་གཞུང་ནས་གཞུང་ཆེན་ལྔ་ལ་ཐོས་བསམ་མཐར་ཕྱིན་པ་མཛད། ལྷ་རམས་པ་ཨང་དང་པོའི་མཚན་བཏགས་བཞེས། ཉེར་དྲུག་པར་རྒྱལ་བ་འཇམ་དཔལ་རྒྱ་མཚོ་དང་། ཁྲི་ཆེན་ནོ་མིན་ཧན་གཉིས་ལས་བསྙེན་པར་རྫོགས། བཀའ་ཆོས་མང་དུ་གསན། སོ་ལྔ་པར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ། གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་བཅས་ལ་བྱང་པར་མཛད། ཞེ་གཉིས་པར་རྒྱུད་པའི་བླ་མ་དབུ་མཛད་དང་། ཞེ་གསུམ་པར་རྒྱུད་པའི་མཁན་ཁྲིར་ཕེབས་ཏེ། འཆད་ཉན་ལེགས་པར་བསྐྱངས། སྐབས་ཤིག་རྒྱུད་པའི་མཁན་ཁྲིའི་འགན་རྣམས་རེ་ཞིག་བཞག་དགོས་བྱུང་། དབུས་སྟོད་ཕག་མོ་ཆོས་སྡེ་དང་འབྲུ་ལ་རི་ཁྲོད་སོགས་སུ་བཞུགས། སྒྲུབ་པ་ཉམས་ལེན་མཛད། རེ་དྲུག་པར་ཤར་རྩེའི་ཁྲིར་ཕེབས། འཆད་ཉན་དང་གཏོང་སྒོ་གང་ཐད་ནས་མི་དམན་པར་མཛད། དོན་གསུམ་པ་རབ་བྱུང་བཅུ་བཞི་པའི་ས་བྱི་ཕྱི་ལོ་༡༨༢༨ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས། སྐུ་གསུང་ཐུགས་རྟེན་བཞེངས། དོན་བཞི་པ་རབ་བྱུང་བཅུ་བཞི་པའི་ས་གླང་ཕྱི་ལོ་༡༨༢༩ལོར་སྐུ་གཤེགས། དངུལ་གདུང་ནི་དགའ་ལྡན་བླ་མ་ལྷ་ཁང་དུ་བཞུགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་དོན་གཅིག་པ་ཡིན། མཚན་གཞན། ཤར་རྩེ་ཡེ་ཤེས་ཐར་འདོད།

{{#arraymap:ཀོང་པོ་ཡེ་ཤེས་ཐར་འདོད་

|; |@@@ | | }}