26374

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་འབར་དགོན་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་ཆུ་སྦྲུལ་ལོར་རྒྱལ་སྤྲུལ་པདྨ་རྣམ་རྒྱལ་གྱིས་སྤོ་འབོར་སྒང་གི་ཆར་གཏོགས་སྤུན་གསུམ་གཡག་སྒང་དུ་རི་བོ་སྤུན་གསུམ་དགོན་བཏབ། ཀཿཐོག་དགོན་ལག་རྣམས་ཀྱི་སྔ་ཤོས་སུ་གྲགས། རབ་བྱུང་བཅུ་གཅིག་པའི་ཡས་མས་སུ་ཡུལ་འདི་གར་རི་བོ་དགེ་ལུགས་པའི་གྲུབ་མཐའ་སྐྱོང་བའི་རྒྱ་བྱ་དགོན་ཞེས་པ་ཞིག་ཡོད་ལ། དེ་དང་འཁྲུག་པ་ཤོར་བས་དགོན་གཉིས་ཀ་མེ་བསྲེགས་བྱས། དེ་ནས་རིགས་གསུམ་མགོན་པོའི་གནས་རིའི་སར་དགོན་པ་གསར་བཞེངས་མཛད། དགོན་པ་བཏབ་པའི་སར་རྩི་ཤིང་དཔལ་འབར་མང་པོ་སྐྱེས་ཡོད་པས། སངས་རྒྱས་བསྟན་པ་དཔལ་འབར་ལྟར་དར་རྒྱས་ཡོང་བའི་རྟེན་འབྲེལ་གྱིས་དགོན་པའི་མཚན་ཡང་དཔལ་འབར་བསམ་གཏན་གླིང་ཞེས་གྲགས། ལུང་ཟིན་ཆོས་ཉིད་རྒྱ་མཚོ་ཁྲིར་ཕེབས། རིག་འཛིན་ཀློང་གསལ་སྙིང་པོས་ཀཿཐོག་དགོན་པའི་ཆོས་བརྒྱུད་འདི་ཉམས་གསོ་དང་འཕེལ་རྒྱས་མཛད། དཔལ་འབར་དགོན་གྱིས་ཀློང་གསལ་གྱི་གཏེར་ཆོས་རྣམས་འཛིན་སྐྱོང་སྤེལ་གསུམ་གནང་། ལུང་ཟིན་ཆོས་ཉིད་རྒྱ་མཚོ་སྐུ་ཕྲེང་དང་པོ་དང་གཉིས་པ་ནམ་མཁའ་རིན་ཆེན་སོགས་ནས་ཐུབ་བསྟན་རྒྱ་མཚོའི་བར་སྐུ་རབས་བཅུ་གསུམ་ཡོད། སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་དཔལ་འབར་དགོན་དུ་བཤད་སྒྲུབ་ཀྱི་འཕྲིན་ལས་སྤེལ། ཟླ་བ་བཅུ་གཉིས་པའི་ཚེས་ཉེར་དགུ་ནས་ཟླ་བ་དང་པོའི་ཚེས་ལྔ་བར་བླ་མ་གསང་འདུས་ཉིན་བདུན་དང་། ཟླ་དང་པོའི་ཚེས་བཅུ་གསུམ་ནས་ཚེས་ལྔའི་བར་སྨྱུང་གནས། ཟླ་གཉིས་པའི་ཚེས་བཅུ་གཉིས་ནས་བཅུ་དགུའི་བར་གུར་དྲག་བུམ་སྒྲུབ་སོགས་བར་རྒྱུན་འཚོགས་ཡོད། དུས་འགྱུར་རྗེས་ནས་འདུ་ཁང་ནང་རྟེན་དང་བཅས་པ་གསར་བཞེངས་བྱས།

{{#arraymap:དཔལ་འབར་དགོན་

|; |@@@ | | }}