26375

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་འབར་བ་ནམ་མཁའ་རྡོ་རྗེ་ (1)
Part of speech མིང་ཚིག
Definition ཀཿཐོག་པའི་འཆད་ཉན་མཁན་རབས་གསུམ་པ་སྟེ། དཔལ་འབར་བ་ནམ་མཁའ་རྡོ་རྗེ་ནི། དབོན་པོ་གྲགས་པ་དབང་འབྱོར་གྱི་སྲས་སུ་འཁྲུངས། ཀཿཐོག་རྡོ་རྗེའི་གདན་དུ་བྱོན་ནས། བླ་མ་གཡེན་པ་དང་རྡོ་རབ་རྒྱལ་དཔོན་པ་སྟོན་པ་དབང་འབྱོར་གཉིས་ཀྱི་ཞལ་མཇལ། མཁས་གྲུབ་ཆེན་པོ་བྱང་ཆུབ་དཔལ་དང་གནམ་སྟེང་པ་རྡོ་རྗེ་དཔལ་བ་གཉིས་ཀྱི་མདུན་ནས་མདོ་སྔགས་སྤྱི་དང་ཁྱད་པར་གསང་སྙིང་མ་བུ། ལམ་རིམ། ཐུགས་ཏིག དམ་ཚིག་གསལ་བཀྲ། ལུང་ཆེན་རྩ་མདོ་བདུན་དང་ཕྱི་མདོ་བདུན། ཨ་ཏི་ཀུན་བྱེད། ཀློང་དགུ། མན་ངག་གསང་བརྒྱུད། བླ་མེད་རྒྱུད་བཅུ་བདུན་བཅས་ཀྱི་བཤད་འགྲེལ་ངོ་སྤྲོད་ཡོངས་རྫོགས། སྒྱུ་འཕྲུལ་དང་མདོ་དབང༌། རིམ་དགུའི་སྤྱི་ཁྲིད། ཕྱག་ཆེན་དོན་ཁྲིད། རྫོགས་ཆེན་ཁྲེགས་ཐོད་པྲ་ཁྲིད་སོགས་རྫོགས་པར་གསན། དགེ་འདུན་སྟོང་ཕྲག་མང་པོ་འདུས་པའི་དབུས་མངའ་གསོལ་གཟེངས་བསྟོད་བྱེད་དུ་སྒྲུབ་སྡེའི་མཁན་པོར་མཛད། ཁམས་དབུས་ཀུན་ནས་འདུས་པའི་དགེ་འདུན་རྣམས་ལ་ཐོས་བསམ་སྒོམ་འཛུགས་རྩ་རླུང་གསང་ཁྲིད་དབང་ཁྲིད་མན་ངག་ངོ་སྤྲོད་བཅས་དཔག་མེད་མཛད། དབྱར་སྣང་ཁྲིད་དང་དགུན་དུས་མུན་མཚམས་བཅད། འཁོར་གྲྭ་སློབ་བརྒྱ་ཕྲག་དང་བཅས་རྒྱལ་མོ་ཚ་བ་རོང་དུ་བཻ་རོའི་སྒྲུབ་སྡེ་བདེ་ཆེན་གླིང་སོགས་དང༌། སྤོ་འབོར་དང་ཚ་ཤོད་ལྗང་ནག་རྒྱལ་པོ་སོགས་ཀྱིས་གདན་དྲངས། སྒྱུ་འཕྲུལ་དབང་ཆེན་སོགས་གསུངས་ནས་གདུལ་བྱ་མང་པོ་རྗེས་སུ་འཛིན། སྒྲུབ་པའི་རྒྱལ་མཚན་ཕྱོགས་མེད་དུ་རྒྱས། རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་དབང་ཁྲིད་མན་ངག་བཅས་རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེ་ལས་དར་མ་རྡོ་རྗེས་གསན། དེའི་མདུན་ནས་ཀཿཐོག་པ་ནམ་མཁའ་རྡོ་རྗེ་འདིས་ཞུས་ཏེ་རིམ་པར་བརྒྱུད་པ་ལས། ཡང་ཁྲོད་ཚུལ་ཁྲིམས་འབུམ། དེས་བྲའོ་ཆོས་ཀྱི་འབུམ། དེས་བླ་མ་སངས་རྒྱས་དཔལ། དེས་ཨ་གཟི་བསོད་ནམས་འབུམ། དེས་དབོན་པོ་དར་མ་བཟང་པོནས་རིམ་པར་བརྒྱུད་ཚུལ་མཁའ་འགྲོ་སྙིང་ཐིག་རང་གི་ལོ་རྒྱུས་ལས་གསལ་བ་ལྟར་རོ། །སློབ་དཔོན་དགའ་རབ་རྡོ་རྗེ་ནས་བརྒྱུད་པའི་སེམས་པྲ་ཁྲིད་ཀྱི་མན་ངག་ཡིག་ཆ་གསར་དུ་མཛད་དེ་སྙན་བརྒྱུད་ཀྱི་རྒྱུན་མི་ནུབ་པར་བསྐྱངས། ཡང་ཁྲོད་པ་སྟོན་པ་མགོན་པོ་རྒྱལ་མཚན་འབུམ་དང་དབོན་པོ་ཚུལ་ཁྲིམས་འབུམ་སོགས་སློབ་མ་མང་དུ་བྱོན། །

{{#arraymap:དཔལ་འབར་བ་ནམ་མཁའ་རྡོ་རྗེ་

|; |@@@ | | }}