26412

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་རི་དགོན་ (1)
Part of speech མིང་ཚིག
Definition ཡུལ་ལྷ་དགེ་བསྙེན་ཁ་བ་ལུང་རིའི་མདུན་ཞོལ་དུ་རབ་བྱུང་བཞི་བར་འགྲོ་དགོན་ཆོས་རྒྱལ་འཕགས་པ་གོང་མའི་དབུ་བླར་བྱོན་ནས་ཡར་ཕེབས་དུས་དགོན་གནས་འདི་བཏབ་ཏེ་ཆོས་བརྒྱུད་ས་སྐྱ་ཡིན་པའི་ངག་རྒྱུན་འདུག ལྕགས་མདུན་ཤེས་རབ་རྒྱལ་མཚན་གྱིས་འདུ་ཁང་ནང་རྟེན་དང་བཅས་བཞེངས་གནང་། རིག་འཛིན་ཀློང་གསལ་སྙིང་པོས། ཀློང་གསལ་སྐུ་ང་འདྲ་མ་དང་། གུ་རུ་རིན་པོ་ཆེའི་སྐུ་གཟི་འོད་འབར་བ་ཞིག་བཞེངས་ཏེ་རབ་གནས་མཛད་ཅིང་། དཔལ་རི་པདྨ་འོད་གླིང་གི་གུ་རུ་དངོས་དང་བྱིན་རླབས་མཉམ་གསུངས་ནས་དགོན་པ་ལ་དཔལ་རི་དགོན་ཞེས་མཚན་གསོལ། གུར་དྲག་ཡེ་ཤེས་རབ་འབར་དང་བདུད་ཕུར་སོགས་བདུད་ཀློང་གི་ཟབ་གཏེར་རྣམས་དར། རབ་བྱུང་བཅུ་གསུམ་པའི་ནང་ཨ་ཀྱེ་ཞི་དཔོན་ཚང་། བླ་མ་ཀརྨ་རྣམ་རྒྱལ་གྱིས་དཔལ་སྤུངས་སི་ཏུའི་ཡང་སྤྲུལ་བླ་མར་བསྟེན། རང་ཡུལ་དུ་ལོག་རྗེས་དགོན་འདི་བཀའ་བརྒྱུད་པ་དཔལ་སྤུངས་དགོན་ལག་ཏུ་བསྒྱུར་སྟེ་འདུ་ཁང་ཉམས་གསོ་ཆེད་སི་ཏུ་རིན་པོ་ཆེས་ལྷ་མཁན་གསུམ་བཏང་སྟེ། བཀའ་བརྒྱུད་པའི་བླ་བརྒྱུད། བདེ་མཆོག་དགྱེས་རྡོར། དུས་འཁོར། རྗེ་འབངས་ཉེར་ལྔ། གྲུབ་ཆེན་བརྒྱད་ཅུ་སོགས་རྗེ་ཉིད་ཀྱིས་ཞལ་བཀོད་ལྟར་བྲིས། དེའི་རྐྱེན་པས་དེང་གི་བར་ཡང་བཀའ་བརྒྱུད་པའི་སྲུང་མའི་བསྐང་གསོ་རྒྱུན་མ་ནུབ་པར་གནས། རབ་བྱུང་བཅོ་ལྔར་སྤྲུལ་སྐུ་ཨ་བློ་རང་ཡུལ་དུ་བྱོན་ནས་རྫོགས་ཆེན་དང་རྡོ་གྲུབ་སྒར་གྱི་ལུགས། སྙིང་ཐིག་འདོན་རྟ་དབྱངས་འབུད་དཀྲོལ་ཐམས་ཅད་དེར་བསྒྱུར་ཏེ་རྫོགས་ཆེན་དགོན་ལག་ཏུ་བསྒྱུར། གཙུག་ལག་ཁང་དང་དེའི་ནང་རྟེན་ཐུབ་སྐུ་ལི་མ། ཐུབ་སྐུ་རྡོར་གདན་མ་ལྔ། ཀློང་གསལ་གཏེར་བྱོན་གུ་རུ་གཙོ་འཁོར་གསུམ་སོགས་མང་དུ་ཡོད་ཀྱང་། རིག་གསར་སྐབས་སུ་མིང་ཙམ་དུ་བཏང་། དེང་སྐབས་གཙུག་ལག་ཁང་ནང་རྟེན་དང་བཅས་གསར་བཞེངས་བྱས་ཡོད། ད་ལྟ་ཆོས་བརྒྱུད་ཀཿཐོག་པ་ཡིན་པར་བཤད།

{{#arraymap:དཔལ་རི་དགོན་

|; |@@@ | | }}