2649

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀོང་སྤྲུལ་དཔལ་ལྡན་མཁྱེན་བརྩེ་འོད་ཟེར་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག་ཕྱི་ལོ་ ༡༩༠༤ ལོར་སྟོད་ལུང་མཚུར་ཕུར་ཆོས་རྗེ་མཁའ་ཁྱབ་རྡོ་རྗེའི་སྲས་སུ་འཁྲུངས། ཆུང་དུས་ནས་ཡ་རབས་ཀྱི་མཛད་སྤྱོད་དང་དམ་པའི་ཡོན་ཏན་འབའ་ཞིག་མངའ། ཡབ་ཆེན་ལས་དབང་ལུང་སྨིན་ཁྲིད་མང་པོ་དང་། ཁྱད་པར་དུ་སྒྲུབ་བརྒྱུད་རིན་པོ་ཆེའི་ཆོས་ཡོངས་རྫོགས་གསན། བཀའ་བརྒྱུད་གོང་མའི་ཐུགས་དམ་རྣམས་རྒྱུན་དུ་ཉམས་བཞེས་གནང་། ལྷག་པར་དུ་རྒྱལ་རྒྱམ་ལ་ཐུགས་དམ་གཙོ་བོར་མཛད། ལྷ་གདན་དུ་རྟེན་མཇལ་ཕེབས་སྐབས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་གཙུག་ཕུད་བཞེས། ཤེལ་བུམ་དང་ཐམ་ཀ་བཅས་གནང་ནས་གཟེངས་བསྟོད་སྩལ། ལྔ་རིག་པ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་དང་། མཁས་དབང་གསེར་ཁ་ཆོས་གྲགས་སོགས་ཀྱི་མདུན་ནས་རིག་གནས་དང་། གཞུང་ལུགས་གསན་ཞིང་མཁྱེན་རྒྱ་ཆེན་པོར་བརྙེས། གསང་སྔགས་ཟབ་མོའི་དོན་ལ་སྒོམ་བྱུང་གི་ཤེས་རབ་འགྲན་ཟླ་བྲལ། ཐུགས་དམ་བསྐྱེད་རྫོགས་ལ་གནད་དུ་བསྣུན། འཆད་སྤེལ་དང་འཕྲིན་ལས་རྒྱ་ཆེར་མཛད་པ་བཅས་བསམ་གྱིས་མི་ཁྱབ། མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན། རིགས་བདག་གཅིག་ཆོག་ཡབ་ཆེན་མཁའ་ཁྱབ་རྡོ་རྗེ་དང་། རྩ་བའི་བླ་མ་ཞེ་ཆེན་རྒྱལ་ཚབ། ཟུར་མང་དྲུང་རིན་པོ་ཆེ་རྣམ་གཉིས་ཡིན། ལྔ་བཅུ་པ་རབ་བྱུང་བཅུ་དྲུག་པའི་ཤིང་རྟ་ཕྱི་ལོ་ ༡༩༥༤ ལོར་ཁྲ་འགུ་དགོན་དུ་སྐུ་གཤེགས། ཀོང་སྤྲུལ་གྱི་སྐུ་ཕྲེང་གཉིས་པ་ཡིན། སློབ་མའི་ཚོགས་ནི་ཆོས་རྗེ་རང་བྱུང་རིག་པའི་རྡོ་རྗེ་དང་། དཔའ་བོ། རྒྱལ་ཚབ་སོགས་བཀའ་འབྲུག་གི་སྐྱེས་ཆེན་མང་པོ་དང་། རྫོང་གསར་མཁྱེན་བརྩེ་སོགས་གསར་རྙིང་རིས་མེད་ཀྱི་བསྟན་འཛིན་རྣམས་དང་། གྲུབ་མཐའ་རིས་མེད་ཀྱི་བླ་མ་དང་དགེ་བའི་བཤེས་གཉེན། རྒྱ་བོད་སྐུ་དྲག་རྒྱལ་བློན་སོགས་མཐའ་ཡས་པ་ཡོད།

{{#arraymap:ཀོང་སྤྲུལ་དཔལ་ལྡན་མཁྱེན་བརྩེ་འོད་ཟེར་

|; |@@@ | | }}