2651

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ཆུ་བྱ་ཕྱི་ལོ་ ༡༨༡༣ ལོར་འབྲི་ཟླ་ཟལ་མོ་སྒང་དུ་ཡབ་ཁྱུང་པོ་བླ་མ་གཡང་དྲུང་བསྟན་འཛིན་དང་། ཡུམ་བཀྲ་ཤིས་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། ཞེ་ཆེན་པཎ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དང་། དཔལ་སྤུངས་སི་ཏུ་པདྨ་ཉིན་བྱེད་དབང་པོ། འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་རིས་མེད་བླ་མ་བཅུ་ཙམ་བསྟེན། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱིས་ཆོས་བརྒྱུད་ཡོངས་རྫོགས་གསན། བསམ་པས་གཏན་ལ་ཕབ། སྒོམ་པས་ཉམས་སུ་བླངས། ཇི་ལྟ་ཇི་སྙེད་ཀྱི་མཁྱེན་པའི་ཡེ་ཤེས་མངོན་དུ་གྱུར། གདུལ་བྱ་རང་རང་གི་མོས་བློ་དང་འཚམ་པར་སྒྲ་ཀཱ་ཙན་དབྱངས་གསུམ་དང་། སུམ་རྟགས་དག་གསུམ། གསོ་རིག་རྒྱུད་བཞི། རྩིས་དཀར་ནག སྙན་ངག མངོན་མརྗོད། སྡེབ་སྦྱོར་སོགས་ཐ་སྙད་རིག་གནས་ཀྱི་སྐོར་དང་། གཞུང་ཆེན་བཅུ་གསུམ། སྒྱུ་འཕྲུལ་གསང་སྙིང་། ནཱ་རོ་ཆོས་དྲུག སྦྱོར་དྲུག་སོགས་མདོ་སྔགས་ཀྱི་གཞུང་ལུགས་འཆད་ཉན་མཛད། སྐལ་ལྡན་གྱི་བུ་སློབ་རྣམས་བསྐྱངས་ཤིང་སྐུ་ཚེ་འདའ་བར་མཛད། རབ་བྱུང་བཅོ་ལྔ་པའི་ལྕགས་སྟག་ཕྱི་ལོ་ ༡༨༩༠ ལོར་སྐུ་གཤེགས། ཀོང་སྤྲུལ་གྱི་སྐུ་ཕྲེང་དང་པོ་ཡིན། ཀརྨ་སྐུ་ཕྲེང་བཅུ་བཞི་པ་ཐེག་མཆོག་རྡོ་རྗེ་དང་། བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ། འཇམ་དབྱངས་བློ་གཏེར་དབང་པོ། མི་ཕམ་འཇམ་དབྱངས་རྣམ་རྒྱལ། བྲག་གཡབ་གདོང་སྤྲུལ་ངག་དབང་དམ་ཆོས་རྒྱ་མཚོ་བཅས་གྲགས་ཆེ་བའི་སློབ་མ་ཡིན། གསུང་རྩོམ་ལ་བཀའ་བརྒྱུད་སྔགས་མཛོད་དང་། རིན་ཆེན་གཏེར་མཛོད། གདམས་ངག་མཛོད། གསང་བའི་མཛོད། ཤེས་བྱ་མཛོད་བཅས་མཛོད་ཆེན་ལྔས་མཚོན་པོ་ཏི་དགུ་བཅུ་ཙམ་བཞུགས།
Synonyms འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ། ཡོན་ཏན་རྒྱ་མཚོ། བློ་གྲོས་མཐའ་ཡས། པདྨ་གར་དབང་འཕྲིན་ལས་འགྲོ་འདུལ་རྩལ། འཇམ་མགོན་བློ་གྲོས་མཐའ་ཡས། བསྟན་གཉིས་གཡུང་དྲུང་གླིང་པ།

{{#arraymap:ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་

|; |@@@ | | }}