26511

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་ལྡན་ཆོས་རྗེ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་མེ་སྟག་ཕྱི་ལོ་ ༡༨༠༦ ལོར་འཁྲུངས། དགུང་ལོ་བཞི་བཅུ་པ་རབ་བྱུང་བཅུ་བཞི་པའི་མེ་རྟ་ཕྱི་ལོ་ ༡༨༤༦ ལོར་འཇམ་དབྱངས་བཞད་པས་མཛད་པའི་གྲུབ་མཐའ་ཆེན་མོའི་ནང་གསལ་བའི་དཀའ་གནད་ཁག་ལ་མཆན་འགྲེལ་ཤིན་ཏུ་རྒྱས་པ་ཞིག་རི་བོ་རྩེ་ལྔར་མཇུག་རྫོགས་པར་མཛད། ཁལ་ཁ་ཁུ་རེ་ཆེན་པོར་ཤིང་པར་དུ་བསྐྲུན་འདུག རབ་བྱུང་བཅུ་བཞི་པའི་ས་ལུག་ཕྱི་ལོ ༡༨༥༩ ལོར་མངོན་རྟོགས་རྒྱན་ཚིག་དོན་གྱི་འགྲེལ་པ་བརྩམས། རབ་བྱུང་བཅུ་བཞི་པའི་ལྕགས་བྱ་ ༡༨༦༡ ལོར་དབུ་མ་འཇུག་པའི་འགྲེལ་པ་བཅས་བརྩམས། པཎ་ཆེན་བསོད་ནམས་གྲགས་པས་བརྩམས་པའི་འབྲས་སྤུངས་བློ་གསལ་གླིང་གི་མཚན་ཉིད་ཀྱི་ཡིག་ཆ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པས་བརྩམས་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཚན་ཉིད་ཀྱི་ཡིག་ཆ་རྣམས་ལ་ཞིབ་མོར་ཐུགས་དཔྱད་མཛད། འབྲས་སྤུངས་སྒོ་བློ་གྲྭ་ཚང་གཉིས་ཀྱི་དབུ་མ་དང་། ཕར་ཕྱིན་གཉིས་ཀྱི་ཡིག་ཆའི་བཤད་ཚུལ་བཀོད་པ་བློ་གསལ་དགའ་སྟོན་བཅས་གསུང་རྩོམ་པོ་ཏི་གསུམ་ཙམ་ཡོད། ལོ་ཇི་ཙམ་བཞུགས་པ་སོགས་ཀྱི་རྣམ་ཐར་ད་ཕན་ལག་ཏུ་མ་སོན།
Synonyms ཁལ་ཁ་ངག་དབང་དཔལ་ལྡན།

{{#arraymap:དཔལ་ལྡན་ཆོས་རྗེ་

|; |@@@ | | }}