26515

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་ལྡན་བདེ་ཆེན་ཆོས་འཁོར་གླིང་ (1)
Part of speech མིང་ཚིག
Definition རིག་འཛིན་ཆོས་རྒྱལ་གླིང་པས་རབ་བྱུང་བཅུ་གཅིག་པའི་ཆུ་སྟག་ལོ་ཕྱི་ལོ་ ༡༦༦༢ ལོར་བཏབ་ནས་གསང་ཆེན་སྔ་འགྱུར་བའི་བསྟན་པ་དར་བར་བྱས། གདན་རབས་དང་པོ་རིག་འཛིན་ཆོས་རྒྱལ་གླིང་པ་དང་། མཚན་ལྡན་བསོད་ནམས་རྒྱལ་མཚན། རྒྱལ་སྲས་ཚེ་དབང་རྣམ་རྒྱལ། ཀརྨ་གྲགས་པ་མཐའ་ཡས། འདུལ་འཛིན་གྲགས་པ་རྒྱལ་མཚན། གྲུབ་བརྙེས་པདྨ་འཇིགས་མེད། པདྨ་ལྷུན་གྲུབ་རྡོ་རྗེ། ཡར་སྟེང་མཁན་ཚེ་དབང་བསོད་ནམས། འཇམ་དབྱངས་མཁྱེན་རབ་དབང་ཕྱུག མཆོག་སྤྲུལ་དྲི་མེད་འོད་ཟེར་སོགས་གདན་རབས་འཛིན་པའི་མཁས་གྲུབ་རིམ་བྱོན་དང་། མཁན་རབས་དང་པོ། ཡར་སྟེང་བསོད་ནམས་ཚེ་དབང་། མཁན་ཆེན་བསོད་ནམས་མགོན་པོ། འཇམ་དཔལ་མཁྱེན་རབ་དབང་ཕྱུག མཁན་ཆེན་ཚེ་རིང་བསམ་འགྲུབ། མཁན་ཆེན་ཀླུ་སྒྲུབ་དབང་ཕྱུག་བཅས་བསླབ་གསུམ་ཡོན་ཏན་རྒྱ་མཚོའི་དཔལ་གྱིས་འབྱོར་ཞིང་། ལུང་རྟོགས་བསྟན་པའི་མཛོད་ལ་རང་དབང་བསྒྱུར་བའི་མཁན་རབས་རིམ་བྱོན་བཅས་ཀྱིས་མཉམ་མེད་ཐུབ་པའི་བསྟན་པ་སྤྱི་དང་། ཁྱད་པར་ཁྱད་ཆོས་ཆེ་བ་དྲུག་དང་ལྡན་པའི་སྔ་འགྱུར་བའི་རང་ལུགས་ནམ་ཡང་ཉམས་པ་མེད་པར་བྱས།

{{#arraymap:དཔལ་ལྡན་བདེ་ཆེན་ཆོས་འཁོར་གླིང་

|; |@@@ | | }}