26623

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་སྤུངས་གསུང་རྟེན་རྙིང་པ་ (1)
Part of speech མིང་ཚིག
Definition སྤར་ཤིང་ཁྲི་བཞི་ལྷག་དང། དཔེ་རྙིང་རོབ་བརྩིས་བྱས་ན་བྲིས་མ་ལྡེབ་ཐུང་པོད་ཆིག་བརྒྱ་ཉི་ཤུ་ལྷག་དང། ལྡེབ་འབྲིང་པོ་སྤར་མ་པོད་གཉིས་བརྒྱ་བཞི་བཅུ་ཙམ། ལྡེབ་རིང་པོད་དགུ་བཅུ་གོ་གྲངས། ཡིག་རྙིང་སྤར་མ་པོད་ཉིས་བརྒྱ་ལྷག། གཞན་ཡང་སྡེ་དགེའི་བཀའ་འགྱུར་སྤར་ཕུད་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སི་ཏུ་ཆོས་འབྱུང་ལ་ཕུལ་བའི་བཀའ་འགྱུར་པར་རྙིང་ཚར་གཅིག་བཅས་སོ། དེ་དག་གི་ཁྱད་ཆོས་ལས་བྲིས་མ་ལ་ལར་ཡིག་གཟུགས་ཤིན་ཏུ་ལེགས་ལ་ཤོག་བུ་སྤུས་ནམ་ལྡན་པ། ལ་ལར་རྙིང་ཉམས་ཆེ་ལ་བར་བཅུག་སྐུ་གཟུགས་དང་དཔེ་རིས་འདྲ་མིན་མང་པོ་ཡོད་པ། ལ་ལའི་བར་བར་མཚམས་སུ་མཚལ་སོགས་ཀྱིས་བྲིས་པའི་ཟླ་ཚེས་དང་ཨང་གྲངས་རྟགས་རིག་ངོ་མཚར་ཅན་འགའ་ཡོད་པ། ལ་ལར་ཤོག་ནག་ཐོག་གསེར་དང་དངུལ་གྱིས་བྲིས་པ། དེ་དག་སུས་བྲིས་པ་ཡིན་ཕལ་ཆེར་མི་གསལ་ཡང་སི་ཏུ་ཆོས་ཀྱི་འབྱུང་གནས་དང། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་། བེ་ལོ་ཚེ་དབང་ཀུན་ཁྱབ་། དབོན་རྒན་སྤྲུལ་སྐུ་རྣམས་ཀྱི་ཕྱགས་བྲིས་འཁྲུལ་མེད་པོད་དུ་མ་ཡོད། སྤར་དེ་དག་གི་སྤར་བཞི་སྡེ་དགེ་དང་། དཔལ་སྤུངས། དཔལ་ཡུལ། རྫོང་སར། ཀ་ཐོག ། སྒོ་མང། གཙང་ངོར་པ། ཅོ་ནེ་སོགས་མདོ་དབུས་ཁམས་གསུམ་གྱི་སྤར་ཁང་ཆེ་ཁག་ལས་བྱུང་བ་ཡིན། བརྗོད་བྱའང་གཞུང་རིག་གནས་དང་བཅས་སྟོན་པ་ཐུགས་རྗེ་ཆེེན་པོའི་བསྟན་པ་འགའ་ཞིག་གི་དབང་དུ་བྱས་ཏེ་འཕགས་པའི་ཡུལ་དང་གངས་ཅན་གྱི་ལྗོངས་འདིར་བྱོན་པའི་མཁས་ཤིང་གྲུབ་པའི་དབང་པོ་རྣམས་ཀྱིས་ལེགས་པར་བཀྲལ་བའི་འཆོས་སྐྱོབས་ཡོན་ཏན་གཉིས་ལྡན་པའི་བསྟན་བཅོས་དང། གཞན་ཡང་རིག་པའི་གནས་དང་། རྣམ་ཐར་། ལོ་རྒྱུས་། གཏམ་རྒྱུད། འབེལ་བཏམ། གནས་ཡིག་དཀར་ཆག། ལེགས་བཤད། སྲོག་ཆགས་བསྟན་བཅོས་དང་བོད་གངས་ཅན་ལྗོངས་ལ་ཡོད་པའི་ཡི་གེ་ཕལ་མོ་ཆེ་ཡོད།
Domain ཆོས་ལུགས།

{{#arraymap:དཔལ་སྤུངས་གསུང་རྟེན་རྙིང་པ་

|; |@@@ | | }}