26641

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་སྤུངས་མཁྱེན་བརྩེ་སྐུ་ཕྲེང་གཉིས་པ་མཁྱེན་བརྩེའི་འོད་ཟེར་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་དྲུག་པའི་མེ་ཕོ་ཁྱི་ལོ་སྟེ་ཕྱི་ལོ་ ༡༩༤༦ ལོར་འབྲུག་ཡུལ་བུམ་ཐང་དུ་ཡབ་དྲག་ཤོས་ཕུན་ཚོགས་དབང་འདུས་དང་ཡུམ་འབྲུག་བདེ་སྐྱོང་དབང་མོ་གཉིས་ཀྱི་སྲས་སུ་འཁྲུངས། དེའང་འབྲུག་རྒྱལ་པོའི་དབུ་བླ་མཁན་ཆེན་ཀརྨ་སྒྲུབ་བརྒྱུད་བུམ་ཐང་སྐུ་རྗེས་ལྷ་ཁང་དུ་འབྲུག་བདེ་སྐྱོང་དབང་མོའི་སྤྱི་བོར་རལ་གྲིའི་རྩེ་མོར་དྷཱི་ཡིག་གིས་མཚན་པ་ཞིག་ཐིམ་པ་འོད་གསལ་ངང་གཟིགས་པས་རྗེ་མཁྱེན་བརྩེའི་ཡང་སྲིད་དུ་ངེས་ཤེས་རྙེད་ཚུལ་སྐུ་འཁོར་ལ་གསུངས་པ་དང༌། རྗེ་གོང་མས་འབྲུག་དྲག་ཤོས་ཕུན་ཚོགས་དབང་འདུས་ལ་ངེད་གཉིས་མྱུར་དུ་འཕྲད་རྒྱུ་ཡིན་ཞེས་ནན་གྱིས་གསུངས་པ་སོགས་ལ་བརྟེན་ལྷ་ལྡན་ཇོ་བོའི་མདུན་དུ་བརྟག་སྒྲིལ་དཀྲུགས་ཏེ་སྐུ་ཉིད་ཐོན་པས་རྗེ་གོང་མའི་མཛོད་བླ་སྨན་པ་ཀརྨ་ཕུན་ཚོགས་ཀྱིས་རྒྱལ་དབང་རང་བྱུང་རིག་པའི་རྡོ་རྗེ་ལ་གོང་གསལ་གྱི་སྙན་ཞུ་ཕུལ་ལ་རྒྱལ་དབང་མཆོག་གིས་ཀྱང་དེ་བཞིན་གོང་མའི་སྤྲུལ་སྐུར་ངོས་འཛིན་གཏན་འཁེལ་མཛད་ནས་རབ་བྱུང་བཅུ་དྲུག་པའི་ལྕགས་མོ་ཡོས་ལོ་སྟེ། ཕྱི་ལོ་ ༡༩༥༡ ལོར་སྟོད་ལུང་མཚུར་མདོ་བོ་ལུང་གི་གཙུག་ལག་ཁང་དུ། སི་ཏུ་པདྨ་དབང་མཆོག་རྒྱལ་པོ་དང༌། འཇམ་མགོན་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་རྣམ་གཉིས་ཀྱིས་མངའ་གསོལ་ཁྲི་འདོན་ཤིས་བརྗོད་མཛད། ལོ་དེའི་ཟླ་བ་དགུ་པའི་ཚེས་བཅུ་ལ་ལྷ་ལྡན་ནས་ཕེབས་བསུ་བྱོན་ལེན་རྒྱ་ཆེར་དང་འབྲེལ་ཡབ་སྲས་མཇལ་འཕྲད་ཀྱིས་གདན་ས་དཔལ་སྤུངས་སུ་ཕེབས། ཐོག་མའི་ཡོངས་འཛིན་འབོ་གངས་དཀར་སྤྲུལ་སྐུས་མཛད་ནས་འབྲི་ཀློག་དང་ཆོས་སྤྱོད་སོགས་གསན་སྦྱོང་གནང༌། དགུང་ལོ་བདུན་ཕེབས་པ་ན་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་སྐུ་ཚེ་འདིའི་དངོས་ཀྱི་གདུལ་བྱ་རྫོགས་པ་དང་རྗེ་ཉིད་ཀྱིས་དཔལ་སྤུངས་བླ་རྒན་ཆུ་མགོ་ནས་དགུ་ཆེན་གཟིགས་ཏེ་ལྷ་ཆེན་གསུམ་གྱི་ཞལ་ལྷོ་ཕྱོགས་སུ་སྟོན་འདུག་པས་སི་ཏུ་གོང་མའི་ཡང་སྲིད་དཔལ་ཡུལ་ཕྱོགས་སུ་སྐུ་འཁྲུངས་ཚུལ་ཀུ་རེའི་ངང་གསུངས་ལ་དོན་དུའང་གནས་ཤིང་བསམ་བཞིན་དུ་སྤྲུལ་པའི་སྐུར་བཟུང་བའི་ངང་ཚུལ་གསལ་བར་བསྟན། དེ་ནས་དུས་ཀྱི་འགྱུར་བར་བརྟེན་ལྷ་ས་བརྒྱུད་འབྲུག་ཡུལ་དུ་ཕེབས། ཕྱི་ལོ་ ༡༩༩༨ ལོར་སྐུའི་བཀོད་པ་བསྡུས་ཤིང༌། གདུང་བཞུ་སྐབས་ཐུགས་ལྗགས་སྤྱན་གསུམ་མེས་མ་ཚིག་པ་དང༌། རིང་བསྲེལ་མང་པོ་འཁྲུངས་པ་སོགས་བྱུང་།

{{#arraymap:དཔལ་སྤུངས་མཁྱེན་བརྩེ་སྐུ་ཕྲེང་གཉིས་པ་མཁྱེན་བརྩེའི་འོད་ཟེར་

|; |@@@ | | }}