26642

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་སྤུངས་མཁྱེན་བརྩེ་སྐུ་ཕྲེང་དང་པོ་ (1)
Part of speech མིང་ཚིག
Definition དཔལ་སྤུངས་མཁྱེན་བརྩེ་འཇམ་དཔལ་རྡོ་རྗེ་ནི། རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་སྟག ཕྱི་ལོ་ ༡༨༩༠ ལོར་མདོ་ཁམས་ཏྲེ་ཤོད་དུ་ཧོར་བེ་རི་རྒྱལ་པོའི་སྲས་སུ་འཁྲུངས། འཇམ་མགོན་བློ་གྲོས་མཐའ་ཡས་དང་། རྒྱལ་དབང་མཁའ་ཁྱབ་རྡོ་རྗེ་ཟུང་གིས་ངོས་འཛིན་མཛད། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཁན་ཆེན་བཀྲ་ཤིས་འོད་ཟེར་ཏྲེ་ཤོད་དུ་བཏང་ནས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་གདན་དྲངས། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསུང་གི་སྤྲུལ་པ། སི་ཏུ་པདྨ་ཀུན་བཟང་གི་ཕྲིན་ལས་ཀྱི་སྤྲུལ་པར་ངོས་འཛིན་གནང་ཞིང་མངའ་གསོལ། མཚན་འཇམ་དཔལ་རྡོ་རྗེ་གསོལ། གདན་ས་དཔལ་སྤུངས་སུ་ཐུན་མིན་མདོ་སྔགས་ཀྱི་གཞུང་ལུགས་དང༌། ཐུན་མོང་རིག་གནས་བཅས་པར་ཐོས་བསམ་མཛད། རྒྱལ་དབང་མཁའ་ཁྱབ་རྡོ་རྗེ་ལས་བཀའ་བརྒྱུད་སྔགས་མཛོད། ནང་བརྟག་རྒྱུད་གསུམ། ནཱ་རོ་ཆོས་དྲུག་དང་ཕྱག་ཆེན་སྐོར་གྱི་སྨིན་ཁྲིད། བཀའ་སྲུང་མགོན་པོའི་དབང་དང་ཁྲིད། ཞྭ་དམར་ནག་གི་བཀའ་འབུམ་གྱི་ལུང་། དཔལ་འཛམ་ཐང་ཆོས་རྗེ་རྣམས་ལས་དུས་འཁོར་དང་། སྦྱོར་དྲུག་གི་ཁྲིད་སོགས་དང་། སི་ཏུ་པདྨ་དབང་མཆོག་རྒྱལ་པོ་དང༌། ཟུར་མང་དྲུང་པ། མཁན་ཆེན་བཀྲ་ཤིས་འོད་ཟེར། འཇམ་མགོན་ཀོང་སྤྲུལ། མཁས་དབང་བཀྲ་ཤིས་ཆོས་འཕེལ་སོགས་ལས་ནང་བརྟག་རྒྱུད་གསུམ་དང༌མཛོད་ཆེན་རྣམ་ལྔ་གཞུང་ཆེན་ཁག་གི་བཤད་ཁྲིད་ཀྱིས་མཚོན་གསན་བསམ་སྒོམ་པ་རྒྱ་ཆེར་མཛད། སྔ་ཕྱིར་འབྲུག་འབྲས་ལྗོངས་རྒྱ་གར་བལ་ཡུལ་སོགས་སུ་གནས་སྐོར་དུ་ཕེབས། འབྲུག་རྒྱལ་ཡུམ་སྲས་སོགས་ཀྱིས་བླ་མར་བསྟེན། ནུབ་ཁམས་ཞིང་ཆེན་སྲིད་གཞུང་གི་གཙོ་འཛིན་ལིའུ་ཝུན་ཧུའེ་ཡིས། ཕྱི་ལོ་ ༡༩༤༠ ལོར་ཡན་ཨན་དུ་གདན་དྲངས། ཅང་ཅའེ་ཧྲི་དང་སྐུ་ཟླ་སུང་མེ་ལིང་སོགས་ལ་ཐུན་མོང་གི་སྔོན་འགྲོ་དང༌། སྤྱན་རས་གཟིགས་ཀྱི་དབང་ལུང་སོགས་ཀྱིས་མཚོན་དམ་པའི་ཆོས་ཀྱི་མཛད་ཕྲིན་བསྐྱངས། རབ་བྱུང་བཅུ་དྲུག་པའི་མེ་བྱི། ཕྱི་ལོ་ ༡༩༣༦ ལོར་དཔལ་སྤུངས་ཀུན་རིག་སྒྲུབ་ཁང་དང་རྒྱལ་མཆོག་བཅོ་ལྔ་པའི་བཀའ་འབུམ་སྤར་གསར་དུ་བཞེངས། ཞལ་སློབ་གཙོ་བོ། རྒྱལ་དབང་རིག་པའི་རྡོ་རྗེ་དང༌། སི་ཏུ་པདྨ་དབང་མཆོག་རྒྱལ་པོ། དཔལ་ལྡན་མཁྱེན་བརྩེའི་འོད་ཟེར། རི་པ་གསལ་བྱེད་རིན་པོ་ཆེ། བླ་མ་ཀ་ལུ་སོགས་གཞིས་བྱེས་རིས་མེད་མཁས་གྲུབ་ཀྱི་ཚོགས་དཔག་ཏུ་མེད། གསུང་རྩོམ་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་རྣམ་ཐར་དང༌། ཆོས་སྐུ་རྡོ་རྗེ་འཆང་ནས་ཀརྨ་མཁའ་ཁྱབ་རྡོ་རྗེའི་བར་གྱི་རྣམ་ཐར་ངོ་མཚར་ཅན། སོག་དམག་གིས་བཀའ་བསྟན་གཏོར་ལུགས་ངོ་མཚར་གཏམ་གྱི་རོལ་མོ། རང་རྣམ་ཁ་སེང་གི་ཉི་མ་དེ་རིང་ཤར་བ། ཆོས་དྲུག་འཕྲུལ་འཁོར་གྱི་དམིགས་རིམ་སོགས་གསུང་འབུམ་པོད་གསུམ། དགུང་ལོ་ང་བདུན་ཕེབས་པ་རབ་བྱུང་བཅུ་དྲུག་པའི་མེ་ཁྱི། ཕྱི་ལོ་ ༡༩༤༦ ལོར་གདན་ས་དཔལ་སྤུངས་སུ་དགོངས་པ་མྱང་ངན་ལས་འདས་སོ།

{{#arraymap:དཔལ་སྤུངས་མཁྱེན་བརྩེ་སྐུ་ཕྲེང་དང་པོ་

|; |@@@ | | }}