27139

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་པོ་ (1)
Part of speech མིང་ཚིག
Definition གཙོ་བོ་དང་འགོ་བའི་དོན།
Example ལྷའི་དབང་པོ་བརྒྱ་བྱིན་གྱི་ཕོ་བྲང། རྒྱལ་བའི་དབང་པོ། མི་ཡི་དབང་པོ་ལྟ་བུ།

{{#arraymap:དབང་པོ་

|; |@@@ | | }}

དབང་པོ་ (2)
Part of speech མིང་ཚིག
Definition བློ་དང་རིག་པའི་དོན།
Example སློབ་མ་ཚོའི་ནང་གི་དབང་པོ་རྣོ་ཤོས་ཁོང་རེད། དབང་པོ་རྟུལ་བོའི་སློབ་མ། དབང་རྣོན་རིག་པའི་རྗེས་འབྲང། དབང་རྟུལ་དད་པའི་རྗེས་འབྲང་ལྟ་བུ།

{{#arraymap:དབང་པོ་

|; |@@@ | | }}

དབང་པོ་ (3)
Part of speech མིང་ཚིག
Definition གྲངས་ཀ་ལྔ་སྟེ། མིག་རྣ་སོགས་དབང་པོ་ལྔ་ཡོད་པས་དེ་ལྟར་བཏགས།
Type མངོན་བརྗོད།

{{#arraymap:དབང་པོ་

|; |@@@ | | }}

དབང་པོ་ (1)
Part of speech གྲངས་ཚིག
Definition གྲངས་གནས་དྲུག་ཅུའི་ནང་གི་སོ་བཞི་པ་སྟེ་འོད་མཛེས་ཆེན་པོ་བཅུ་ལ་ཟེར།

{{#arraymap:དབང་པོ་

|; |@@@ | | }}

དབང་པོ་ (4)
Part of speech གྲངས་ཚིག
Definition མདོ། རང་གི་དབང་བྱའི་ཐུན་མོང་མ་ཡིན་པའི་ཆོས་ལ་ལྷག་པར་དབང་བྱེད་པ་ཞིག་ལ་དབང་པོ་ཞེས་ཟེར། དེ་ལ་དབྱེ་ན་དབང་པོ་ཉི་ཤུ་རྩ་གཉིས་ཡོད་དེ། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། དང་པོ་ནི། དབང་པོ་ཉི་ཤུ་རྩ་གཉིས་སུ་ཡོད་དེ། མིག་རྣ་བ་སྣ་ལྕེ་ལུས་ཡིད། ཕོ་དབང་མོ་དབང་སྲོག་དབང་། ཚོར་བ་བདེ་བ། སྡུག་བསྔལ། ཡིད་བདེ། ཡིད་མི་བདེ། བཏང་སྙོམས་ཀྱི་དབང་པོ། དད་པ། དྲན་པ། བརྩོན་འགྲུས། ཏིང་ངེ་འཛིན། ཤེས་རབ་ཀྱི་དབང་པོ། མི་ཤེས་པ་ཀུན་ཤེས་པའི་དབང་པོ། ཀུན་ཤེས་པའི་དབང་པོ། ཀུན་ཤེས་ལྡན་པའི་དབང་པོ་རྣམས་སུ་ཡོད་པའི་ཕྱིར། མིག་ནས་སྲོག་གི་བར་དགུ་ལ་དབང་པོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རིམ་པ་ལྟར་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། ཕོའི་ངོ་བོ་དང་ཁྱད་པར། མོའི་ངོ་བོ་དང་ཁྱད་པར། སྐྱེས་ནས་མ་ཤི་བའི་བར་དུ་ཕུང་པོའི་རིགས་མཐུན་གནས་པ་ལ་དབང་བྱེད་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། ཀུན་ནས་ཉོན་མོངས་ཕྱོགས་ཀྱིས་བསྡུས་པའི་ཚོར་བ་བདེ་བ། ཡིད་བདེ། སྡུག་བསྔལ། ཡིད་མི་བདེ། བཏང་སྙོམས་རྣམས་ལ་དབང་པོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཀུན་ནས་ཉོན་མོངས་ལ་དབང་བྱེད་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། འཇིག་རྟེན་པའི་དགེ་བའི་བསྡུས་པའི་དད་པ་དང་བརྩོན་འགྲུས་དྲན་པ་ཏིང་ངེ་འཛིན་ཤེས་རབ་རྣམས་ལ་དབང་པོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། འཇིག་རྟེན་པའི་རྣམ་བྱང་ལ་དབང་བྱེད་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། མི་ཤེས་པ་ཀུན་ཤེས་པ་སོགས་གསུམ་ལ་དབང་པོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རིམ་པ་བཞིན་མཐོང་སྤང་སྤོང་བ་དང། སྒོམ་སྤང་སྤོང་བ་དང། མཐོང་ཆོས་ལ་བདེར་གནས་ལ་དབང་བྱེད་པས་དེ་ལྟར་བརྗོད་པའི་ཕྱིར་ཏེ། མཛོད་ལས། རང་གི་དོན་དང་ཐམས་ཅད་ལ། །དམིགས་པར་དབང་བྱེད་ཕྱིར་དབང་དྲུག ། མོ་ཉིད་ཕོ་ཉིད་ལ་དབང་ཕྱིར། །ལུས་ལས་མོ་དང་ཕོ་དབང་དག། །རིགས་གནས་ཀུན་ནས་ཉོན་མོངས་དང། །རྣམ་པར་བྱང་ལ་དབང་བྱེད་ཕྱིར། །སྲོག་དང་ཚོར་བ་རྣམས་དང་ནི། །དད་སོགས་དབང་པོ་ལྔར་འདོད་དོ། །མྱ་ངན་འདས་སོགས་གོང་ནས་གོང། །ཐོབ་པ་ལ་ནི་དབང་བྱེད་ཕྱིར། །ཀུན་ཤེས་བྱེད་དང་ཀུན་ཤེས་དང། །དེ་བཞིན་ཀུན་ཤེས་ལྡན་དབང་པོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དབང་པོ་

|; |@@@ | | }}

དབང་པོ་ (5)
Part of speech གྲངས་ཚིག
Definition དབང་པོའི་མཚན་ཉིད་ནི། གང་ཞིག་གང་ལ་ཐུན་མོང་མ་ཡིན་པར་དབང་བྱེད་པ་ཡིན་ནོ། །དབང་པོའི་དོན་ནི། ལྷག་པར་དབང་བྱེད་པ་ཡིན་པས་སོ། །དབྱེ་ན། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། མོ་དང་། ཕོ་དང་། སྲོག་དང་། བདེ་བ་དང་། སྡུག་བསྔལ་དང་། ཡིད་བདེ་བ་དང་། མི་བདེ་བ་དང་། བཏང་སྙོམས་དང་། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། མི་ཤེས་པ་ཀུན་ཤེས་པར་བྱེད་པ་དང་། ཀུན་ཤེས་པ་དང་། ཀུན་ཤེས་ལྡན་པའི་དབང་པོ་སྟེ་ཉེར་གཉིས་སོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། དབང་པོའི་སྐད་དོད་ལ་ཨིནྡྲ་ཞེས་པའི་དོན་དུ་མུ་སྟེགས་བརྡ་སྤྲོད་པ་དག་བདག་གི་རྟགས་སམ། མཚན་མར་གྱུར་པས་དབང་པོ་ཞེས་ཟེར་ལ། ནང་པས་རྐྱེན་བྱིན་ཏེ། ཨིནྡྲ་ཨི་ཤྭ་ར་ཞེས་པས་དབང་ནི་དབང་ཕྱུག་དམ་པའོ་ཞེས་པར་འགྱུར་ཞིང། དེ་ནི་ཤིན་ཏུའམ་ལྷག་པར་དབང་བྱེད་པས་དབང་པོའོ། །ཞེས་ཀུན་མཁྱེན་གོ་རམས་པའི་ངོ་མཚར་སུམ་ལྡན་ལས་སོ། །

{{#arraymap:དབང་པོ་

|; |@@@ | | }}

དབང་པོ་ (6)
Part of speech གྲངས་ཚིག
Definition སྒྲ་དོན་ནི། ཅིའི་ཕྱིར་དབང་པོ་ཞེ་ན། ལྷག་པར་དབང་བྱེད་པའི་རྒྱུ་མཚན་གྱིས་དབང་པོ་ཞེས་བརྗོད་པ་ཡིན་ཏེ། མིག་སོགས་དབང་པོ་དྲུག་པོ་དེས་ཡུལ་གཟུགས་སོགས་དོན་དྲུག་ལ་དམིགས་ནས་རྣམ་ཤེས་སྐྱེད་པ་ལ་དབང་བྱེད། ཕོ་མོའི་དབང་པོ་གཉིས་ཀྱིས་ཕོ་མོ་གཉིས་ཀྱི་ངོ་བོ་དང་ཁྱད་པར་ལ་དབང་བྱེད། སྲོག་གི་དབང་པོས་སྐྱེས་ནས་མ་ཤིའི་བར་གྱི་ཕུང་པོ་རིགས་མཐུན་གནས་པ་ལ་དབང་བྱེད། ཚོར་བའི་དབང་པོ་ལྔ་པོ་དེས་ཀུན་ནས་ཉོན་མོངས་ཕྱོགས་སྐྱེད་པ་ལ་དབང་བྱེད། དད་སོགས་དབང་པོ་ལྔ་པོ་དེས་རྣམ་བྱང་ཕྱོགས་སྐྱེད་པ་ལ་དབང་བྱེད། དྲི་མེད་ཀྱི་དབང་པོ་གསུམ་པོ་དེས་རང་འབྲས་སྔ་མ་སྔ་མས་ཕྱི་མ་ཕྱི་མ་སྐྱེད་པ་ལ་དབང་བྱེད་ཅིང༌། ཀུན་ཤེས་ལྡན་པའི་དབང་པོས་མྱང་འདས་ཐོབ་པ་ལ་དབང་བྱེད་པའམ། ཡང་ན། དྲི་མེད་ཀྱི་དབང་པོ་གསུམ་པོ་དེས་མཐོང་སྤང་སྤང་བ་དང༌། སྒོམ་སྤང་སྤང་བ་དང༌། མཐོང་ཆོས་ལ་བདེ་བར་གནས་པ་ལ་དབང་བྱེད་པ་ཡིན་ཏེ། མཛོད་ལས། རང་གི་དོན་དང་ཐམས་ཅད་ལ། །དམིགས་པར་དབང་བྱེད་ཕྱིར་དབང་དྲུག ། མོ་ཉིད་ཕོ་ཉིད་ལ་དབང་ཕྱིར། །ལུས་ལས་མོ་དང་ཕོ་དབང་དག ། རིས་ནས་ཀུན་ནས་ཉོན་མོངས་དང༌། །རྣམ་པར་བྱང་ལ་དབང་བྱེད་ཕྱིར། །སྲོག་དང་ཚོར་བ་རྣམས་དང་ནི། །དད་སོགས་དབང་པོ་ལྔ་འདོད་དོ། །མྱ་ངན་འདས་སོགས་གོང་ནས་གོང༌། །འཐོབ་པ་ལ་ནི་དབང་བྱེད་ཕྱིར། །ཀུན་ཤེས་བྱེད་དང་ཀུན་ཤེས་དང༌། །དེ་བཞིན་ཀུན་ཤེས་ལྡན་དབང་པོ། །ཞེས་གསུངས་པའི་ཕྱིར། ཚོར་བའི་དབང་པོ་ལྔ་པོ་དེས་ཀུན་ནས་ཉོན་མོངས་ཕྱོགས་སྐྱེད་པར་བྱེད་དེ། ཚོར་བ་བདེ་བའི་དབང་པོ་དང་ཡིད་བདེ་བའི་དབང་པོ་གཉིས་ཀྱིས་འདོད་ཆགས་སྐྱེད་པ་ལ་དབང་བྱེད། ཚོར་བ་སྡུག་བསྔལ་དང་ཡིད་མི་བདེ་བའི་དབང་པོ་གཉིས་ཀྱིས་ཞེས་སྡང་སྐྱེད་པ་ལ་དབང་བྱེད། བཏང་སྙོམས་ཀྱི་དབང་པོས་གཏི་མུག་སྐྱེད་པ་ལ་དབང་བྱེད་པའི་ཕྱིར། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་དབང་པོ་བཅུ་བཞི་པོ་དེ་ཀུན་ནས་ཉོན་མོངས་ཕྱོགས་དང་འདྲེས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་ཀྱི་ཀུན་ནས་ཉོན་མོངས་ཕྱོགས་ཁོ་ནར་ངེས་པ་ནི་མ་ཡིན་ཏེ། ཚོར་བ་བདེ་བ་ཡིད་བདེ་བ་བཏང་སྙོམས་གསུམ་ལ་ཟག་བཅས་ཟག་མེད་གཉིས་གཉིས་སུ་ཡོད་པའི་ཕྱིར།

{{#arraymap:དབང་པོ་

|; |@@@ | | }}

དབང་པོ་ (7)
Part of speech གྲངས་ཚིག
Definition སེར་སྨད་རྒྱལ་དབང་མཛོད་ལས། དབང་པོའི་སྒྲ་དོན་ནམ་མཚན་ཉིད་ནི། གང་ཞིག་རང་རང་གིས་དབང་བསྒྱུར་བྱ་ཐུན་མོང་མ་ཡིན་པ་གང་ལ་དབང་བསྒྱུར་བའི་ཆོས་སོ། །ཞེས་གསུངས། དབྱེ་ན་དབང་པོ་ཉེར་གཉིས་ཡོད།

{{#arraymap:དབང་པོ་

|; |@@@ | | }}