27239

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་བཅུ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། ཚེ་དང་ཏིང་ངེ་འཛིན་སོགས་ལ་ཇི་ལྟར་འདོད་འདོད་དུ་དབང་བསྒྱུར་ཐུབ་པའི་ཐེག་ཆེན་འཕགས་པའི་རྒྱུད་ཀྱི་ཏིང་ངེ་འཛིན་མི་འདྲ་བ་རྣམ་པ་བཅུ་ལ་འཇོག་ཅིང་དེའི་ཚུལ་ནི། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། ཚེ་བསྐལ་པའི་བར་དུ་གནས་ནུས་པ་ཚེ་ལ་དབང་བ་དང༌། ཏིང་ངེ་འཛིན་གྲངས་མེད་པ་ལ་དབང་ཐོབ་པ་སེམས་ལ་དབང་བ་དང༌། ནམ་མཁའ་མཛོད་ལ་མངའ་བརྙེས་པ་ཡོ་བྱད་ལ་དབང་བ་དང༌། བཟོ་དང་སྒྱུ་རྩལ་སོགས་ལས་ཀྱི་འབྲས་བུ་སྟོན་པ་ལ་དབང་བ་ལས་ལ་དབང་བ་དང༌། ཇི་ལྟར་འདོད་པ་བཞིན་སྐྱེ་ནུས་པ་སྐྱེ་བ་ལ་དབང་བ་དང༌། འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་སྐུས་གང་བར་སྟོན་ནུས་པ་མོས་པ་ལ་དབང་བ་དང༌། བྱང་ཆུབ་ཆེན་པོའི་སྤྲུལ་པ་སྟོན་ནུས་པ་སྨོན་ལམ་ལ་དབང་བ་དང༌། དུས་གཅིག་ཏུ་རྫུ་འཕྲུལ་དུ་མ་སྟོན་ནུས་པ་རྫུ་འཕྲུལ་ལ་དབང་བ་དང༌། ཤེས་བྱ་ཐམས་ཅད་ཐོགས་མེད་དུ་མཁྱེན་པ་ཡེ་ཤེས་ལ་དབང་བ་དང༌། ཆོས་ཀྱི་ཚིག་དོན་ལ་མཁས་པ་ཆོས་ལ་དབང་བ་ཞེས་བྱ་བ་མཐར་ཐུག་པའི་དབང་བཅུ་དང༌། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དབང་བཅུ་

|; |@@@ | | }}

དབང་བཅུ་ (2)
Part of speech མིང་ཚིག
Definition དབུ་མ། བསྐལ་པ་བརྗོད་དུ་མེད་པར་ཚེ་བྱིན་གྱིས་རློབ་པ་ཚེ་ལ་དབང་བ་དང་། ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་ལ་སྙོམས་པར་འཇུག་པ་ཏིང་ངེ་འཛིན་ལ་དབང་བ་དང་། འཇིག་རྟེན་གྱི་ཁམས་རྒྱན་བཀོད་པ་དུ་མས་རབ་ཏུ་བརྒྱན་པའི་བྱིན་གྱིས་རླབས་ཀུན་ཏུ་སྟོན་པ་ཡོ་བྱད་ལ་དབང་བ་དང་། ལས་ཀྱི་རྣམ་པར་སྨིན་པ་བྱིན་གྱིས་བརླབས་ཀྱིས་དུས་ཇི་ལྟ་བ་བཞིན་ཀུན་ཏུ་སྟོན་པ་ལས་ལ་དབང་བ་དང་། འཇིག་རྟེན་གྱི་ཁམས་རྣམས་སུ་གདུལ་བྱ་དང་འཚམས་པར་སྐྱེ་བ་ཀུན་ཏུ་སྟོན་པ་སྐྱེ་བ་ལ་དབང་བ་དང་། སངས་རྒྱས་ཀྱི་ཞིང་དང་དུས་གང་དུ་ཅི་དགའ་བར་མངོན་པར་རྫོགས་པར་བྱང་ཆུབ་པར་ཀུན་ཏུ་སྟོན་པ་སྨོན་ལམ་ལ་དབང་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་རབ་ཏུ་གང་བར་ཀུན་ཏུ་སྟོན་པ་མོས་པ་ལ་དབང་བ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཀུན་ཏུ་སྟོན་པ་རྫུ་འཕྲུལ་ལ་དབང་བ་དང་། དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ཀུན་ཏུ་སྟོན་པ་ཡེ་ཤེས་ལ་དབང་བ་དང་། མཐའ་དང་དབུས་མེད་པའི་ཆོས་ཀྱི་སྒོ་སྣང་བ་ཀུན་ཏུ་སྟོན་པ་ཆོས་ལ་དབང་བ་རྣམས་སོ། །ཞེས་རྗེ་བཙུན་རེད་མདའ་བས་དབུ་འཇུག་རྣམ་བཤད་ལས་གསུངས་སོ། །

{{#arraymap:དབང་བཅུ་

|; |@@@ | | }}

དབང་བཅུ་ (3)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཚེ་ལ་དབང་བ་ནི། ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་བསྐལ་པའམ་བསྐལ་པ་ལས་ལྷག་པར་གནས་པའི་ནུས་པ་ཐོབ་པའོ། །སེམས་ལ་དབང་བ་ནི། ཇི་ལྟར་འདོད་པ་བཞིན་དུ་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ནུས་པའོ། །ཡོ་བྱད་ལ་དབང་བ་ནི། ནོར་གྱི་ཆར་འབེབས་ནུས་པའོ། །ལས་ལ་དབང་བ་ནི། གོང་མ་མྱོང་འགྱུར་གྱི་ལས་རྣམས་འདོད་པར་སྨིན་པར་བསྒྱུར་བ་ལ་སོགས་པའོ། །སྐྱེ་བ་ལ་དབང་བ་ནི། བསམ་གཏན་ལས་མ་ཉམས་བཞིན་དུ་འདོད་པར་སྐྱེ་བ་ལེན་པར་བྱེད་པའོ། །མོས་པ་ལ་དབང་བ་ནི། ས་དང་ཆུ་ལ་སོགས་པ་གང་མོས་པ་དེར་བསྒྱུར་བའོ། །སྨོན་ལམ་ལ་དབང་བ་ནི། གཞན་དོན་ཕུན་སུམ་ཚོགས་པར་བྱེད་པའི་སྨོན་ལམ་གྲངས་མེད་པར་འགྲུབ་པའོ། །རྫུ་འཕྲུལ་ལ་དབང་བ་ནི། གདུལ་བྱ་འདུལ་བའི་ཕྱིར་རྫུ་འཕྲུལ་དཔག་མེད་སྟོན་པའོ། །ཡེ་ཤེས་ལ་དབང་བ་ནི། སོ་སོ་ཡང་དག་པའི་རིག་པ་བཞི་ཕུལ་དུ་བྱུང་བའི་མཐཪ་འགྲོ་བའོ། །ཆོས་ལ་དབང་བ་ནི། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པར་མཛད་པའོ། །འབྲས་བུ་ནི། དང་པོ་གསུམ་ནི་སྦྱིན་པའི་འབྲས་བུའོ། །ལས་དང་སྐྱེ་བ་གཉིས་ནི་ཚུལ་ཁྲིམས་ཀྱི། མོས་པ་ནི་བཟོད་པའི། སྨོན་ལམ་ནི་བརྩོན་འགྲུས་ཀྱི། རྫུ་འཕྲུལ་ནི་བསམ་གཏན་གྱི། ཐ་མ་གཉིས་ནི་ཤེས་རབ་ཀྱི་འབྲས་བུའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།

{{#arraymap:དབང་བཅུ་

|; |@@@ | | }}

དབང་བཅུ་ (4)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཕྱོགས་བཅུའི་མུན་སེལ་ལས། དབང་བཅུ་ནི། འཆི་བ་མེད་པས་ཚེ་དང་། འགྲོ་བའི་སེམས་ཤེས་པས་སེམས་དང་། ནམ་མཁའ་མཛོད་ལ་མངའ་བརྙེས་པས་ཡོ་བྱད་དང་། གཞན་གྱི་ལས་དམན་པ་བཟང་པོར་བསྒྱུར་བས་ལས་དང་། ཇི་ལྟར་འདུལ་བ་དེར་སྤྲུལ་པ་ལྷུན་གྲུབ་ཏུ་འབྱུང་བས་སྐྱེ་བ་དང་། སྔོན་དང་ཕྱི་མའི་བསྐལ་པ་རྒྱ་མཚོར་དགོངས་པ་བཞིན་འགྲུབ་པས་སྨོན་ལམ་དང་། གདུལ་བྱའི་མོས་པ་བཞིན་དོན་མཛད་པས་མོས་པ་དང་། བཞེད་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡུངས་འབྲུ་གཅིག་ཏུ་བཅུག་སྟེ་འཇིག་རྟེན་ཆུང་བའམ་ཡུངས་འབྲུ་ཆེ་བར་མི་མངོན་པ་ལ་སོགས་པ་སྟོན་པས་རྫུ་འཕྲུལ་དང་། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཆེན་པོ་ལྔ་ལ་མངའ་བརྙེས་པས་དོན་མཛད་པའི་ཕྱིར་ཡེ་ཤེས་དང་། ཇི་ལྟ་བ་དང་ཇི་སྙེད་པ་མ་ལུས་པ་མངོན་སུམ་དུ་མཁྱེན་པས་ཆོས་ལ་དབང་བ་སྟེ། (འགྲེལ་ཆུང་)དེ་ཉིད་ལས། ཡོ་བྱད་སྐྱེ་བ་ཚེ་ལ་དབང་། །ཡེ་ཤེས་ཆོས་དང་སེམས་དང་ལས། །རྫུ་འཕྲུལ་སྨོན་ལམ་ཆོས་རྣམས་ཀྱིས། །ཁམས་གསུམ་ཀུན་གྱི་དབང་ཕྱུག་རྒྱལ། །ཞེས་སོ། །ཞེས་གསུངས།

{{#arraymap:དབང་བཅུ་

|; |@@@ | | }}

དབང་བཅུ་ (5)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། རྒྱལ་བ་དག་མངའ་དབང་ཆེན་པོ་བརྙེས་པའི་རྟགས་སུ་དབང་བཅུ་འཐོབ་ཚུལ་གསུངས་པ་ནི། མདོ་དགོངས་པ་འདུས་པ་ལས། གང་དུ་ཅི་ཙམ་གནས་པར་འདོད་པའི་བར་དུ་ཐུབ་པ་ཚེའི་དབང་དང་། ཤེས་བྱ་རྣམ་པར་ཤེས་པ་སེམས་ལ་དབང་བ་དང་། སྐྱེ་བ་རང་དབང་ཅན་དུ་གྱུར་པའི་དབང་དང་། གང་རྒྱུ་ཡོངས་སུ་རྫོགས་པ་ཡོ་བྱད་ཀྱི་དབང་བ་དང་། ཐེག་པའི་སྒོ་གང་དུ་འཇུག་པ་ཆོས་ལ་དབང་བ་དང་། སྐད་ཅིག་གིས་བྱ་བ་བྱེད་པའི་རྫུ་འཕྲུལ་དང་། བསམ་པ་ཇི་ལྟ་བར་སྣང་བ་མོས་པའི་དབང་དང། བདག་གཞན་གྱི་དོན་ཇི་ལྟ་བ་དགའ་དགུར་སྤྱོད་པ་ལས་ཀྱི་དབང་དང་། ཆོས་ཇི་བཞིན་པ་རྟོགས་པ་ཡེ་ཤེས་ལ་དབང་བ་དང་། འདོད་པ་ཐ་དད་པ་གྲུབ་པ་སྨོན་ལམ་གྱི་དབང་བཅུ་ནི། ཞེས་གསུངས།

{{#arraymap:དབང་བཅུ་

|; |@@@ | | }}

དབང་བཅུ་ (6)
Part of speech མིང་ཚིག
Definition རྣལ་འབྱོར་བླ་མེད་རྒྱུད། དཔལ་དུས་ཀྱི་འཁོར་ལོའི་ཟབ་ལམ་སྦྱོར་བ་ཡན་ལག་དྲུག་གི་ཡ་གྱལ་ཏིང་ངེ་འཛིན་གྱི་ཡན་ལག་གི་ཡོན་ཏན་ཞིག་ཏེ། ཚེ་ལ་དབང་བ། ཏིང་ངེ་འཛིན་ལ་དབང་བ། ཡོ་བྱད་ལ་དབང་བ། ལས་ལ་དབང་བ། སྐྱེ་བ་ལ་དབང་བ། མོས་པ་ལ་དབང་བ། སྨོན་ལམ་ལ་དབང་བ། རྫུ་འཕྲུལ་ལ་དབང་བ། ཡེ་ཤེས་ལ་དབང་བ། ཆོས་ལ་དབང་བ་རྣམས་སོ། །ཞེས་བྱུང་།

{{#arraymap:དབང་བཅུ་

|; |@@@ | | }}