27750

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཅིག་པའི་མཇུག་དུ་འཁྲུངས། འབྲེ་ཤེས་རབ་འབར་ལ་སོགས་པའི་བཤེས་གཉེན་མང་པོ་བསྟེན། སྔགས་དང་བཅས་པར་སྦྱངས། རབ་བྱུང་གཉིས་པའི་ཤིང་སྟག་ཕྱི་ལོ་ ༡༡༣༤ ལོར་བྱ་འདུལ་འཛིན་གྱིས་མཁན་པོ། རྒྱ་དམར་གྱིས་ལས་སློབ། ཨར་བྱང་ཆུབ་ཡེ་ཤེས་ཀྱིས་གསང་སྟོན་མཛད་ནས་ཕག་མོ་གྲུ་བ་བསྙེན་པར་རྫོགས། རབ་བྱུང་གཉིས་པའི་ཤིང་བྱི་ཕྱི་ལོ་ ༡༡༤༤ ལོར་རྒྱལ་ལྷ་ཁང་གི་གདན་སར་ཕེབས། གདན་ས་དབྱར་ཐོག་གཅིག་རིང་བསྐྱངས། བཅོམ་ལྡན་རིགས་པའི་རལ་གྲི་དང་། རྒྱང་རོ་སངས་རྒྱས་འབུམ་གཉིས་ལྷན་སྣར་ཐང་གི་བཀའ་འགྱུར་དང་། བསྟན་འགྱུར་ཐོག་མར་གསར་བསྒྲིགས་ཞུས་དག་གནང་། མཚན་ལ་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཞེས་ཞུ། ལྷ་སའི་ཉེ་འདབས་སྟོད་ལུང་ཕུར་ཕེབས། གནམ་རྩེད་ལྡིང་གི་དགོན་པ་བཏབ། སློབ་དཔོན་འབྲེ་ཤེས་རབ་འབར་གྱི་ཤེར་ཕྱིན་བཤད་རྒྱུན་གཙོ་བོར་བཟུང་ནས་འཆད་ཉན་མཛད། ཕར་ཕྱིན་མདོ་བསྟན་གྱི་རྣམ་པར་བཤད་པ་ཡང་གནང། བོད་ཀྱི་ཕར་ཕྱིན་འཆད་སྐབས་འབྲེ་ཨར་དགེ་སློབ་གཉིས་ཀྱི་བཤད་རྒྱུན་ལ་བརྟེན་པར་གྲགས། སློབ་མ་གྲགས་ཆེ་བ་ནི་སྐར་ཆུང་རིང་མོ་གཞོན་ནུ་ཚུལ་ཁྲིམས་ཡིན། དེས་མངོན་རྟོགས་རྒྱན་གྱི་འགྲེལ་བ་དང་། སྡུད་པ་ལ་སོགས་པའི་འགྲེལ་བ་མང་དུ་མཛད། མཚན་གཞན། ཨར་བྱང་ཆུབཡེ་ཤེས།

{{#arraymap:དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་

|; |@@@ | | }}