27808

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབོན་པོ་གཞོན་ནུ་སེང་གེ་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༢༠༠ ལོར་འཁྲུངས། བཤེས་གཉེན་མང་པོ་བསྟེན། དབང་ལུང་མན་ངག་མང་དུ་ཞུས། ཆོས་རྗེ་དཔོན་རས་དར་མ་སེང་གེ་ལས་འདུལ་བ་མདོ་རྩ་དང་། སྤྱོད་འཇུག བསླབ་བཏུས། བློ་སྦྱོང་དོན་བདུན་མ། ཤེས་རབ་བརྒྱ་པ། ཚད་མ་རྣམ་འགྲེལ། རྫོགས་ཆེན་ཆོས་སྐོར། བཀའ་གདམས་པའི་ལམ་རིམ། མ་ཧཱ་མཱ་ཡཱ། སྒྱུ་འཕྲུལ། ཞི་བྱེད། བཀའ་བརྒྱུད་གོང་མ་རྣམས་ཀྱི་སྙན་བརྒྱུད། དབང་ལུང་མན་ངག ནཱ་རོ་ཆོས་དྲུག བདེ་མཆོག གསང་འདུས། དུས་འཁོར་རྣམས་ཀྱི་དབང་ཆེན་དང་། ཟབ་མོ་བླ་མའི་རྗེས་གནང་བཅས་ཞུས། སྒོམ་སྒྲུབ་མཛད། བདེ་དྲོད་ལ་དབང་འབྱོར། རབ་བྱུང་བཞི་པའི་མེ་བྱ་ཕྱི་ལོ་ ༡༢༣༧ ལོར་ར་ལུང་དགོན་པའི་གདན་སར་ཕེབས། དགེ་འདུན་མང་པོའི་ཚོགས་པ་བསྐྱངས། རྟེན་དང་བརྟེན་པ་བཞེངས། གདན་སར་ལོ་ངོ་སུམ་ཅུའི་རིང་བཞུགས། རེ་བདུན་པ་རབ་བྱུང་བཞི་པའི་མེ་སྟག་ཕྱི་ལོ་ ༡༢༦༦ ལོར་སྐུ་གཤེགས། ར་ལུང་དགོན་པའི་གདན་རབས་གསུམ་པ་ཡིན།
Synonyms འབྲུག་པ་གཞོན་ནུ་སེང་གེ།

{{#arraymap:དབོན་པོ་གཞོན་ནུ་སེང་གེ་

|; |@@@ | | }}