27810

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབོན་པོ་ནམ་མཁའ་བདེ་ལེགས་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་དྲུག་པའི་དཀྱིལ་དུ་གཙང་ཤབ་སྟོད་ཚ་རོང་མདོ་སྤེར་འཁྲུངས། ཆུང་དུས་ནས་ཞང་བོ་ཚ་རོང་དཔལ་ལྡན་རྒྱལ་མཚན་གྱི་དྲུང་ནས་ཡི་གེའི་སྦྱོར་ཀློག་བསླབས། གསོ་རིག་ལ་མོས་པ་སྐྱེས། དཔལ་ལྡན་རྒྱུད་བཞི་དང་། དེེའི་འགྲེལ་བ་རྒྱུད་དོན་རབ་གསལ། ཡན་ལག་བརྒྱད་པ། གསེར་བྲེ། ཉམས་ཡིག་བརྒྱ་རྩ་བྱེ་བ་རིང་བསྲེལ། གདམས་པ་སུམ་ཅུ། ལག་ལེན་པོད་ཆུང་བཅས་ལ་ཐུགས་གཉེར་གནང་། མཁས་པ་ཆེན་པོར་གྱུར། ཞང་བོ་ཚ་རོང་དཔལ་ལྡན་རྒྱལ་མཚན་ལས་སྦུར་ཚོ་ཡོན་ཏན་རྒྱ་མཚོའི་ཐུན་མོང་མ་ཡིན་པའི་མན་ངག་ཆིག་བརྒྱུད་བཅས་གསན། གསོ་རིག་གི་བསྟན་པ་གོང་འཕེལ་བ་གནང། གསུང་རྩོམ་ནི་རྒྱུད་བཞིའི་སྤྱི་དོན་ལེགས་བཤད་སྣང་བ་དང་། རྩ་མདོའི་ས་བཅད་བསྡུས་དོན། ཕྱི་མ་རྒྱུད་ཀྱི་ནད་དང་གཉེན་པོ་གསོ་ཐབས་གྱི་དབྱེ་བསྡུ། བདུད་རྩི་ཕྲེང་བ། གཙོང་སྡེ་བཞིའི་ངོས་འཛིན་མཛུབ་ཚུགས་མ། བཅོས་ཐབས་རྡོ་རྗེ་ཕ་ལམ་བཅས་བཞུགས།

{{#arraymap:དབོན་པོ་ནམ་མཁའ་བདེ་ལེགས་

|; |@@@ | | }}