27817

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབོན་འབྲིང་སྐུ་ཕྲེང་གཉིས་པ་ (1)
Part of speech མིང་ཚིག
Definition ཀརྨ་ངེས་དོན་བསྟན་འཛིན་ཕྲིན་ལས་ནི། ཕྱི་ལོ་ ༡༧༧༠ རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་སྟག་ལོར་འཁྲུངས། མཚན་གཞན་ཀརྨ་རིན་ཆེན་དང༌། ཀརྨ་རཏྣ་ཡང་ཞུ། རྒྱལ་དབང་ཀརྨ་པ་བདུད་འདུལ་རྡོ་རྗེ་དང༌། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུུང་གནས། རྡོ་རྗེ་གྲགས་པ། རྟ་མགྲིན་མགོན་པོ་སོགས་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་མང་པོར་བསྟེན་ནས་ཕྱི་ནང་རིག་པའི་གནས་མཐའ་དག་ལ་སློབ་གཉེར་དཔྱིས་ཕྱིན་པར་མཛད། མདོ་སྔགས་རིག་གནས་དང་བཅས་པའི་དཔལ་ཡོན་རབ་ཏུ་རྒྱས་ཤིང་མདོ་ཁམས་ཀུན་ཏུ་སྙན་གྲགས་ཤིན་ཏུ་ཆེ་བར་མ་ཟད་སྐལ་ལྡན་གྱི་གདུལ་བྱ་མང་པོ་གང་ལ་གང་འདུལ་གྱི་མཛད་ཕྲིན་བཟང་པོས་སྨིན་གྲོལ་གྱི་ལམ་ལ་བཀོད་པར་མཛད། དགུང་གྲངས་ཉི་ཤུར་སོན་སྐབས། ཕྱི་ལོ་ ༡༧༨༩ རབ་བྱུང་བཅུ་གསུམ་པའི་ས་བྱའི་ལོར་མན་ངག་ཉེར་མཁོ་གཅེས་སོ་འཚལ་བསྡུས་ཤིང་བླ་མའི་མན་ངག་གིས་བརྒྱན་པ་གཅེས་བསྡུས་འཆི་མེད་ནོར་བུའི་ཕྲེང་བ་དང་། གཅེས་བསྡུས་འཆི་མེད་ནོར་ཕྲེང་གི་བུ་ཡིག་གཅེས་བསྡུས་འཆི་མེད་ནོར་ཕྲེང་གི་ལྷན་ཐབས་སྙིང་ནོར་ཡང་ཟབ་གནད་ཕྲན། སྡེ་དགེ་ཆོས་རྒྱལ་ཆེན་པོའི་ནང་བློན་གཉེར་ཆེན་ངག་དབང་དགེ་ལེགས་དང་། མཛོད་པ་རྡོ་རྗེ་རྣམ་རྒྱལ། དྲུང་འཚོ་བ་ཨེམ་ཆི་བསོད་ནམས་སོགས་ཀྱིས་བསྐུལ་ངོར་གཞན་ཕན་ཟླ་འོད་གཞོན་ནུའི་འཁྲི་ཤིང༌། འདོད་བྱུང་མན་ངག་ཡོན་ཏན་ནོར་བུའི་མཛོད་གསལ་བྱེད་ཕན་བདེའི་སྒོ་འབྱེད་ལྡེ་མིག་བཅས་བརྩམས། གཞན་ཡང་དཔལ་རྒྱལ་དབང་ཀརྨ་པའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་རྒྱས་པ་ཁ་སྐོང་དང༌། དྭགས་པོའི་ཐར་རྒྱན་གྱི་འགྲེལ་པ་སོགས་བསྟན་བཅོས་མང་དུ་མཛད། ཁོང་གི་སློབ་མ་གྲགས་ཆེ་བ་མཁྱེན་ཀོང་རྣམ་གཉིས་དང༌། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་སོགས་ཀྱིས་དར་རྒྱས་རྒྱུན་འཁྱོངས་མཛད། གཞན་ཡང་ཀཿཐོག་དང༌། རྫོང་སར། དཔལ་ཡུལ། ནང་ཆེན། རི་བོ་ཆེ། ཀརྨ་དགོན་སོགས་ཀྱི་མཁས་དབང་དུ་མས་རྗེ་འདི་ཉིད་བསྟེན་ནས་གཙོ་བོར་སྨན་རྩིས་རིག་པར་བྱང་ཆུབ་པར་མཛད་དེ་རྣམ་དག་གསོ་བ་རིག་པའི་སྲོལ་བཟང་དར་སྤེལ་ཆེས་ཆེར་མཛད། དེ་ལྟར་སྐུ་ཚེའང་མཐར་ཕྱིན་ཅིང་དཔལ་སྤུངས་གདན་སར་འཁོར་ལོ་གསུམ་གྱི་བྱ་བ་རྒྱ་ཆེར་མཛད་དེ་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །

{{#arraymap:དབོན་འབྲིང་སྐུ་ཕྲེང་གཉིས་པ་

|; |@@@ | | }}