2813

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁ་ཆེ་ (1)
Part of speech མིང་ཚིག
Definition དེང་སྐབས་རྒྱ་གར་བྱང་རྒྱུད་ཀྱི་ས་ཆ་ཀསྨིར་ཞེས་པ་དེ་ཡིན། ལོ་རྒྱུས་ཐོག་ཡུལ་འདིར་སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་དར་ཞིང། བོད་ཀྱི་ལོ་ཙཱ་བ་གང་མང་ཡུལ་དེར་སློབ་གཉེར་གནང་བར་ཕེབས་པ་དང། ཡུལ་དེའི་ནང་པའི་པཎ་ཆེན་གང་མང་བོད་དུ་ཕེབས་ནས་བསྟན་པ་སྤེལ་མྱོང་ཡོད། ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲི་ཞུ་བ་ཁོང་ཡང་ཡུལ་དེ་ནས་ཕེབས་པ་ཡིན། ཕྱིས་སུ་ཡུལ་འདིར་ཨི་ཟི་ལམ་མམ་ཁ་ཆེའི་ཆོས་དར་བས་བོད་སྐད་ནང་ཆོས་ལུགས་དེ་ལ་ཁ་ཆེའི་ཆོས་ཞེས་ཐོགས།

{{#arraymap:ཁ་ཆེ་

|; |@@@ | | }}

ཁ་ཆེ་ (2)
Part of speech མིང་ཚིག
Definition ཨི་ཟི་ལམ་ཆོས་ལུགས་དང་ཆོས་བྱེད་མི་སྣར་ཡང་ཁ་ཆེ་ཟེར། ཁ་ཆེའི་ཆོས་ནི་དུས་རབས་བདུན་པའི་ནང་ཨ་རབ་ཡུལ་དུ་མུཧམོ་ཏི་ཟེར་བའི་མི་ཞིག་གིས་དེ་སྔོན་མི་ཚོས་ལྷ་མང་པོ་དང་སྐུ་འདྲ་ལ་མཆོད་འབུལ་བྱེད་པའི་ཆོས་ལུགས་ལ་དགག་རྒྱག་བྱས་ཏེ་ཆོས་ལུགས་ཤིག་གསར་གཏོད་གནང་བ་དེ་ལ་ཨེ་ཟི་ལམ་མམ་ཁ་ཆེའི་ཆོས་ལུགས་ཟེར། མུཧ་མོཏི་ནི་ཆོས་ལུགས་དེའི་སྟོན་པ་ཡིན། ཆོས་ལུགས་དེས་སྲིད་དོན་ཐད་སྐབས་དེར་ཨ་རབ་གཅིག་གྱུར་ལ་ནུས་པ་ཆེན་པོ་ཐོན་ཞིང། མུཧ་མོཏི་གྲོངས་རྗེས་ཆོས་ལུགས་དེ་དར་ཁྱབ་ཆེན་པོ་ཕྱིན། ཆོས་ལུགས་དེ་ལ་སོ་ནེ་དང་ཤི་ཡ་ཟེར་བའི་རྩ་བའི་གྲུབ་མཐའམ་སྡེ་ཁག་གཉིས་ཡོད། མུ་ཧ་མོཏི་རང་ཉིད་དཀོན་མཆོག་གི་ཕོ་ཉ་ཡིན་ཞིང། དཀོན་མཆོག་ནི་ཨ་ལཱ་གཅིག་པུ་ཡིན་པར་བཤད་ཀྱི་ཡོད།

{{#arraymap:ཁ་ཆེ་

|; |@@@ | | }}