28525

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམར་ཁྲིད་དཔལ་མོ་ལུགས་ཀྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། དམར་ཁྲིད་དཔལ་མོ་ལུགས་ཀྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་སོ་གཅིག་པ་ཡིན། བརྗོད་བྱ། འཕགས་པ་སྤྱན་རས་གཟིགས་ཀྱི་ལམ་བསྐྱེད་རྫོགས་ཀྱི་དམིགས་རིམ་རྣམས་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། སྤྱན་རས་གཟིགས་དབང་དགེ་སློང་མ་དཔལ་མོ། དཔལ་བཟང་ཏིང་འཛིན་བཟང་པོ་ཇོ་བོ་རྗེ། ཡོལ་སྟོན་ཆོས་དབང་རོག་སྟོན་རྩེས་སྟོན་པ། ཞང་སྟོན་སྦས་སྟོན་ཞིག་པོ་རྣལ་འབྱོར་པ། སྐྱབས་སེ་སངས་རྒྱས་དབོན་པོ་འདུལ་འཛིན་ཆེ། རཏྣ་པ་དང་བྱང་སེམས་བསོད་ནམས་གྲགས། ཐོགས་མེད་རྒྱ་མ་བ་དང་ལོ་གྲགས་པ། བྱང་སེམས་དཀོན་རྒྱལ་ཀུན་དགའ་མཆོག་གྲུབ་ཞབས། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། ཡོལ་སྟོད་ཆོས་དབང་གི་ཡིག་སྙིང་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:དམར་ཁྲིད་དཔལ་མོ་ལུགས་ཀྱི་ཁྲིད་

|; |@@@ | | }}