28528

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམར་ཁྲིད་སྐྱེར་སྒང་བའི་ལུགས་ཀྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། དམར་ཁྲིད་སྐྱེར་སྒང་བའི་ལུགས་ཀྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་སོ་གསུམ་པ་ཡིན། བརྗོད་བྱ། དབོན་སྟོན་སྐྱེར་སྒང་པ་ཆེན་པོའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་དང་ཆོས་ཉིད་དོན་གྱི་ལྷ་ཐུགས་རྗེ་ཆེན་པོའི་རང་ཞལ་གཤིས་སྐྱེ་མེད། མདངས་སྙིང་རྗེར་གསལ་བའི་ཉམས་ལེན་གྱི་གནད་རྣམས་གསལ་བར་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། སྤྱན་རས་གཟིགས་དབང་གྲུབ་ཆེན་རྭ་ཧུ་ལ། དཱི་བཾ་ཀ་ར་ནག་ཚོ་ཚུལ་ཁྲིམས་རྒྱལ། རོད་པ་ཤེར་རྒྱལ་ལྕེ་སྒོམ་ཤེར་རྡོར་བ། སྐྱེར་སྒང་བ་དང་གཉན་སྟོན་རི་གོང་པ། སངས་རྒྱས་སྟོན་པ་གཙང་མ་ཤངས་སྟོན་ཆེ། ཁྱུང་པོ་ཚུལ་མགོན་རི་ཁྲོད་རས་ཆེན་པ། ཤངས་དཀར་རིན་རྒྱལ་སངས་རྒྱས་དཔལ་བཟང་པོ། ནམ་མཁའ་རྒྱལ་མཚན་རྒྱ་སྒོམ་ལེགས་རྒྱལ་ཞབས། སོགས། ཞེས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། སྒྲོལ་བའི་མགོན་པོ་རྗེ་བཙུན་འཕྲིན་ལས་དབང་། རིན་ཆེན་རྒྱ་མཚོ་སྙིང་པོ་མཐའ་ཡས་དང་། ཀུན་བཟང་དབང་པོ་རྣམས་ལ་གསོལ་བ་འདེབས། ཆོས་དབྱིངས་ཆོས་འབྱོར་མཐུ་སྟོབས་དཔའ་བཟང་དང་། ལྕགས་ཟམ་སྤྲུལ་སྐུ་བསྟན་སྐྱོང་མཁྱེན་བརྩེའི་དབང་། ཡོན་ཏན་རྒྱ་མཚོ་འཁོར་ལོ་བདེ་ཆེན་མཚན། སྟོབས་ལྡན་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། ཚེ་ནོར་ཆོས་འབྱོར་ཀརྨ་འགྱུར་མེད་དང་། ཚེ་དབང་པད་སྤྲུལ་བློ་གྲོས་མཐའ་ཡས་དང་། ངག་དབང་བློ་གྲོས་བདེ་ཆེན་རྡོ་རྗེ་དང་། བློ་བཟང་ཕྱོགས་གླང་རྣམས་ལ་གསོལ་བ་འདེབས། མཁྱེན་རབ་རྒྱ་མཚོ་བློ་གྲོས་རྣམ་པར་རྒྱལ། ཡོན་ཏན་བཟང་པོ་མཁན་ཆེན་ཤེས་རབ་གསལ། ཐུགས་རྗེ་དཔལ་བཟང་པདྨ་རྣམ་པར་རྒྱལ། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། ཆོས་སྐུ་ཤཱཀྱ་རིན་ཆེན་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:དམར་ཁྲིད་སྐྱེར་སྒང་བའི་ལུགས་ཀྱི་ཁྲིད་

|; |@@@ | | }}