28866

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ས་སྟག་ཕྱི་ལོ་ ༡༢༣༨ ལོར་ལྷ་ཁ་ཡར་ལུང་ཤར་དར་མོའི་ཡུལ་དུ་རྒྱལ་གཡུ་སྒྲ་སྙིང་པོའི་རིགས་སུ་བལྟམས། ལྷ་ས་སྐྱིད་ཚལ་ཀླུ་སྦུག་གླིང་དུ་སློབ་གཉེརགནང་། འགྲོ་ཕན་གླིང་དུ་ཉི་ཐང་སྤྲུལ་སྐུ་བློ་བཟང་རྒྱ་མཚོ་མཆོག་དང་། དྲང་སྲོང་བསྟན་འཛིན་དར་རྒྱས་སོཊ་བསྟེན། གསོ་དཔྱད་སོགས་རིག་གནས་ཀུན་ལ་སྦྱངས། སྨན་རམས་པའི་མཚན་ཐོབ། རྒྱལ་དབང་ལྔ་པའི་བླ་སྨན་མཛད། རྩེ་ཕོ་བྲང་དམར་པོའི་ལྷ་དབང་ལྕོག་ཏུ་གསོ་རིག་སློབ་དཔོན་གནང། དཔལ་ལྡན་རྒྱུད་བཞིའི་དགོངས་དོན་འཆད་རྩོད་རྩོམ་གསུམ་མཛད། རྒྱལ་དབང་ལྔ་བའི་སྤྱན་ཟུང་གི་གཤག་བཅོས་གནང་བ་ལེགས་གྲུབ་བྱུང་། འདས་ལོ་མི་གསལ། སློབ་མ་མེར་མོ་བློ་བཟང་ཆོས་འཕེལ། ལ་རེ་བ་བློ་བཟང་དོན་ལྡན་སོགས་ཡོད། གསུང་རྩོམ་བཀའ་རྒྱ་མ་དང་། མན་རྒྱུད་འགྲེལ་ཆེན་ལེགས་བཤད་གསེར་རྒྱན། བཤད་རྒྱུད་སྡོང་འགྲེམས་ལེགས་བཤང་གསེར་གྱི་ཐུར་མ། རྣམ་བཀྲ་གསེར་གྱི་གན་མཛོད། བཅུད་ལེན་འཆི་གསོས་བདུད་རྩིའི་ཉིང་ཁུ་འདོད་ལྡན་དགའ་བསྐྱེད་མཐོང་བ་འཛུམ་ཤོར་ནོར་བུའི་བང་མཛོད། རིན་ཆེན་གྲང་སྦྱོར་གྱི་གསལ་བྱེད་འཆི་མེད་བདུད་རྩིའི་ཉིང་ཁུ། ལྷན་ཐབས་ཀྱི་གསང་སྨན་ངོས་འཛིན། གཡུ་ཐོག་གསར་རྙིང་གི་རྣམ་ཐར་བཅས་ཡོད།

{{#arraymap:དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་

|; |@@@ | | }}