2956

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁ་པ་དགོན་བཀྲ་ཤིས་དར་རྒྱས་གླིང་ (1)
Part of speech མིང་ཚིག
Definition ཁ་པ་དགོན་བཀྲ་ཤིས་དར་རྒྱས་གླིང་ནི། མདོ་སྨད་ཐེ་བོ་ཁ་པ་ཡུལ་ཚོའི་ཁོངས་སུ་ཡོད། ཆོས་བརྒྱུད་དགེ་ལུགས། ཐོག་མར་ཐེ་བོའི་སྟག་རུ་ཁོག་གི་སྟག་ཞོ་དགོན་པའི་གྲྭ་པ་དགའ་ལྡན་ཤར་རྩེའི་དགེ་བཤེས་ཤིག་གིས་ཕྱག་བཏབ། རྗེས་སུ་ཀིརྟི་སྐུ་ཕྲེང་བདུན་པ་སྐྱབས་མཆོག་ཐུབ་བསྟན་ཉི་མར་དགོན་པ་ཕུལ། བསྐང་གསོ་དང་ཀུན་རིག་སོགས་ཀྱི་སྒྲུབ་མཆོད་ཡོད། ཕྱི་ལོ་ ༡༩༥༠ གོང་གྲྭ་གྲངས་ ༥༠ ཙམ་བཞུགས།
Synonyms ཁ་པ་དགོན་འོག་མ་ཕུན་ཚོགས་དར་རྒྱས་གླིང༌།

{{#arraymap:ཁ་པ་དགོན་བཀྲ་ཤིས་དར་རྒྱས་གླིང་

|; |@@@ | | }}