30374

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་མོ་རྒྱལ་ཐོག་གཉིས་པ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ས་ཁྱི་ཕྱི་ལོ་ ༡༧༧༨ ལོར་འཁྲུངས། ཆུང་དུས་ནས་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང་། གདན་སའི་ཁྲི་ལ་མངའ་གསོལ། རབ་བྱུང་དང་། དགེ་ཚུལ་དགེ་སློང་གི་སྡོམ་པ་བཞེས། གཞུང་ཆེན་བཀའ་པོད་ལྔ་དང་། གསང་ཆེན་རྒྱུད་སྡེ་བཞི་ལ་ཐུགས་གཉེར་མཛད། སྟོང་འཁོར་ངག་དབང་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ་སོགས་བཀའ་ཆོས་མང་དུ་གསན། རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོག་རྒྱ་མཚོའི་ཡོངས་འཛིན་མཛད། སོ་བཞི་པ་རབ་བྱུང་བཅུ་བཞི་པའི་ལྕགས་ལུག་ཕྱི་ལོ་ ༡༨༡༡ ལོའི་ཧོར་ཟླ་བཞི་པའི་ཚེས་བཅུ་གཅིག་ཉིན་སྲིད་སྐྱོང་དུ་བཞུགས། གོང་མ་ཅཱ་ཆིན་གྱིས་ཨེར་ཏེ་ནི་ནོ་མིན་ཧན་གྱི་ཆོ་ལོ་དང་། དེ་མོ་གོང་མའི་རྒྱ་ཐམ་ཧོར་ཡིག་གླིང་དྲུག་མ། སེལ་དམ་རྟགས་དམ་རང་འཇགས་ཕུལ། རྒྱལ་དབང་ལུང་རྟོགས་རྒྱ་མཚོ་གཤེགས་རྗེས། རབ་བྱུང་བཅུ་བཞི་པའི་ཤིང་ཕག་ཕྱི་ལོ་ ༡༨༡༥ ལོར་ཧོར་ཟླ་བཅུ་པའི་ཚེས་གཉིས་ཉིན་རྒྱལ་ཚབ་ཏུ་དབང་བསྐུར། རྒྱལ་དབང་སྐུ་ཕྲེང་དགུ་པའི་ཡང་སྲིད་བརྩད་གཅོད་ལ་འགན་ཁུར། ཞེ་གཉིས་པ་རབ་བྱུང་བཅུ་བཞི་པའི་ས་ཡོས་ཕྱི་ལོ་ ༡༨༡༩ ལོར་ལྷ་ལྡན་བསྟན་རྒྱས་གླིང་དུ་སྐུ་གཤེགས། དེ་མོ་སྐུ་ཕྲེང་བརྒྱད་པ་ཡིན།
Synonyms དེ་མོ་ངག་དབང་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ།

{{#arraymap:དེ་མོ་རྒྱལ་ཐོག་གཉིས་པ་

|; |@@@ | | }}