30828

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་གྲུབ་རིན་ཆེན་ (1)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་རྩ་བའི་བླ་མ་ཆོས་རྗེ་དོན་གྲུབ་རིན་ཆེན་ཏེ། རབ་བྱུང་ལྔ་པའི་ས་བྱ་ཕྱི་ལོ་ ༡༣༠༩ ལོར་མདོ་སྨད་རྨ་ཆུའི་འགྲམ་རྒྱུད་དུ་འཁྲུངས། གཞོན་ནུ་ནས་རབ་ཏུ་བྱུང་། དབུས་སུ་ཕེབས། སྙེ་ཐང་པ་བཀྲ་ཤིས་སེང་གེ་དང་། སྡོང་སྟོན་རིག་པའི་སེང་གེ། བླ་མ་ཡེ་ཤེས་དཔལ། མཆིམས་བློ་བཟང་གྲགས་པ་སོགས་མཁས་གྲུབ་མང་པོ་བསྟེན་ནས་མདོ་སྔགས་ཀྱི་གཞུང་མང་དུ་གསན། དེ་ནས་མདོ་སྨད་དུ་ཕྱིར་ལོག་སྟེ་ཤིང་ཀུན་སྡེ་གསར་གྱི་མཁན་པོ་མཛད། མདོ་སྔགས་ཀྱི་ཆོས་དུ་མ་གསུངས། ཐོག་མར་ཤ་སྦྲང་དགོན་བཏབ། རབ་བྱུང་དྲུག་པའི་ས་གླང་ཕྱི་ལོ་ ༡༣༤༩ ལོར་ཆོས་སྡེ་ཆེན་པོ་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་བཏབ། ཆུ་སྟག་ལོ་རྗེ་ཙོང་པ་ཆེན་པོ་ལ་བདེ་མཆོག་དང་། ཀྱཻ་རྡོར། འཁོར་ཆེན། རྩེ་མོ་སོགས་རྒྱུད་སྡེ་གོང་འོག་དུ་མའི་དབང་གནང་། ཆུ་ཡོས་ལོར་རྗེ་རིན་པོ་ཆེར་རབ་བྱུང་དང་དགེ་ཚུལ་བསྒྲུབས། ཆུ་གླང་ལོར་རྗེ་རིན་པོ་ཆེ་དབུས་སུ་ཕེབས་པའི་རྫོང་བརྡའ་གནང་། དགུང་ལོ་དོན་བདུན་པ་རབ་བྱུང་དྲུག་པའི་ཤིང་གླང་ཕྱི་ལོ་ ༡༣༨༥ ལོར་སྐུ་མྱ་ངན་ལས་འདས།

{{#arraymap:དོན་གྲུབ་རིན་ཆེན་

|; |@@@ | | }}