30894

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་དམ་པའི་དགེ་བ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བྱེ་བྲག་སྨྲ་བ། དགེ་བ་བཞིའི་ནང་གསེས་ཤིག་སྟེ། དེ་ནི་ཟག་མེད་ཀྱི་དགེ་བ་ལ་བྱེད་དགོས་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། འདིར་རྩ་འགྲེལ་ཕལ་ཆེ་བ་རྣམས་སུ་དོན་དམ་པའི་དགེ་བའི་མཚན་གཞི་ལ་ཐར་པ་མྱང་འདས་ལས་དངོས་སུ་མ་སྨོས་ཀྱང༌། ལམ་བདེན་གྱི་ཆ་འགའ་ཞིག་ཡོད་པ་འགྲེལ་པ་མངོན་པའི་རྒྱན་དུ་གསུངས་ལ། འདུས་མ་བྱས་གསུམ་ལས་ནམ་མཁའ་དང༌། སོ་སོར་བརྟགས་མིན་གྱི་འགོག་པ་གཉིས་དོན་དམ་པའི་ལུང་མ་བསྟན་དུ་གསུངས་པའི་རིགས་པས་དཔགས་ན་ཐར་པ་མྱང་འདས་སུ་མ་ཟད་སོ་སོར་བརྟགས་འགོག་མཐའ་དག་དོན་དམ་པའི་དགེ་བར་གཏོགས་པར་མངོན་ལ། ཞེས་དང་། ལམ་བདེན་ལ་དོན་དམ་པའི་དགེ་བར་གཏོགས་པ་ཡོད་ན་དེ་གང་ཡིན་ཞེ་ན། སོ་སོར་བརྟགས་འགོག་དོན་དམ་པའི་དགེ་བར་བཤད་པའི་ཟླས་དྲངས་ཏེ། ཟག་མེད་ཀྱི་རྣམ་གྲོལ་ལམ་རྣམས་ཀྱང་དོན་དམ་པའི་དགེ་བར་འཇོག་པར་མངོན་ལ། འོན་ཀྱང་དེ་དག་ནི་ངོ་བོ་ཉིད་དང་མཚུངས་ལྡན་དང༌། ཀུན་སློང་གིས་དགེ་བ་རྣམས་སུ་ཡང་ཅི་རིགས་པར་འདུ་བས་ན་དོན་དམ་པའི་དགེ་བ་དང་ངོ་བོ་ཉིད་ཀྱིས་དགེ་བ་སོགས་མི་འགལ་བར་ཡང་འདོད་དགོས་ཤིང༌། ལུགས་འདིར་དོན་དམ་པའི་དགེ་བ་ཡིན་ན་ཟག་མེད་ཀྱི་དགེ་བ་ཡིན་པས་ཁྱབ་པ་ཡང་ཡིན་ནོ། །ཞེས་གསུངས།
Domain ཆོས་ལུགས།
Synonyms ཟག་མེད་ཀྱི་དགེ་བ། དོན་དམ་པའི་དགེ་བ།

{{#arraymap:དོན་དམ་པའི་དགེ་བ་

|; |@@@ | | }}