31458

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲང་སྲོང་བསོད་ནམས་རྒྱལ་མཚན་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་བཞི་པའི་སྨད་དུ་ཡབ་ལྷ་བཙུན་བཀྲ་ཤིས་དཔལ་བཟང་གི་སྲས་སུ་འཁྲུངས། ཆུང་དུས་ནས་ཡབ་ལས་གསོ་བ་རིག་པ་སྦྱངས། མན་ངག་སྤྱི་དང་། སྒོས་སུ་རྒྱུད་བཞིའི་བཀའ་གཏེར་ཆུ་བོ་གཉིས་འདྲེས་ཀྱི་གདམས་ངག་ཞལ་ཤེས། བཀའ་གཏད་རྒྱའི་དབང་། ཆུ་ལྷ་དྲང་སྲོང་གི་སྒྲུབ་ཐབས་སྐོར། སྙན་བརྒྱུད་ཀྱི་ཕྱག་ལེན། འགྲེལ་བཤད་སོགས་ལ་གསན། རིན་སྤུངས་པའི་བླ་སྨན་མཛད། གསུང་རྩོམ་ནི། གསོ་རིག་ཁོག་འབུགས་པད་དཀར་རྒྱས་པའི་ཉིན་བྱེད། བཤད་རྒྱུད་ཀྱི་འགྲེལ་བ་བཀླགས་པས་དོན་ཐམས་ཅད་འགྲུབ་པ་བཅས་བཞུགས།
Synonyms ལྷ་བཙུན་བསོད་ནམས་ཡེ་ཤེས་རྒྱལ་མཚན།

{{#arraymap:དྲང་སྲོང་བསོད་ནམས་རྒྱལ་མཚན་

|; |@@@ | | }}